འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་འགྲོ་མཁན་མང་དུ་སོང་བས་གནམ་གྲུའི་ལན་གྲངས་མང་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གནམ་གཤིས་དྲོ་རུ་ཕྱིན་པ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་འཁྲུག་ཆའང་ཆེ་རུ་སོང་ཞིང་། བོད་ལྗོངས་སུ་ཡུལ་སྐོར་བྱེད་པར་འགྲོ་མཁན་མངོན་གསལ་མང་བས། མཁའ་འགྲུལ་ཀུང་སིས་མགྱོགས་མྱུར་ངང་གནམ་གྲུའི་ལན་གྲངས་མང་དུ་བཏང་ནས་ཡུལ་སྐོར་བ་ཚོའི་དགོས་མཁོ་བསྐངས་པ་རེད། 
         གསར་འགོད་པས་ལྷ་སའི་གོང་དཀར་གནམ་གྲུ་ཐང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་གྲབས་ཡོད་པ་དང་བསྟུན་ནས་བོད་ལྗོངས་མཁའ་འགྲུལ་ཀུང་སིས་རིམ་མཐུད་དུ་ལྷ་ས་ནས་ཞི་ཨན་བརྒྱུད་དེ་ཆིན་ཏོ་བར་དང་། ལྷ་ས་ནས་ཏཱ་ཀྲུའུ་བརྒྱུད་དེ་ཧྲེང་ཀྲེང་བར། ལྷ་ས་ནས་མེན་དབྱང་བརྒྱུད་དེ་ཧྲེང་ཀྲེང་བར། ལྷ་ས་ནས་མེན་དབྱང་བརྒྱུད་དེ་ནན་ཅིན་བར་སོགས་ཀྱི་འགྲུལ་ལམ་གསར་སྣོན་བྱས་ནས་ཡུལ་སྐོར་བའི་འགྲོ་འོང་ལ་འགན་སྲུང་བྱས་པ་རེད།
         འདི་ལོའི་ཟླ་3པའི་བར་དུ་བོད་ལྗོངས་སུ་མཁའ་ལམ་68ཡོད་ཅིང་། པེ་ཅིང་དང་། ཧྲང་ཧའེ། ཧྲེང་ཀྲེང་། ནན་ཅིང་ལ་སོགས་པའི་གྲོང་ཁྱེར་41བར་གནམ་གྲུ་ཤར་གཏོང་ཐུབ་པ་རེད། ན་ནིང་མཁའ་འགྲུལ་སྐྱེལ་འདྲེན་ལ་བརྟེན་ནས་ཡུལ་སྐོར་བ་སྐྱེལ་འདྲེན་བྱས་གྲངས་མི་ཐེངས་ཁྲི་363ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།