འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཀྲོའུ་བཙན་མོ་གྲོང་ཚོ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་ལ་འཚོ་སྡོད་བྱ་རྒྱུར་
    འཚམ་པའི་གྲོང་ཚོ་དཔྱད་འདེམས་ཀྱི་མིང་གྲལ་དུ་ཚུད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་2016ལོའི་རྒྱལ་ཡོངས་ཀྱི“མཛེས་སྡུག་ལྡན་ལ་འཚོ་སྡོད་བྱ་རྒྱུར་འཚམ་པའི་དཔེ་སྟོན་གྲོང་ཚོའི”མིང་གྲལ་79ཁྱབ་བསྒྲགས་བྱས་པའི་ནང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་བཙན་མོ་གྲོང་ཚོར་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་སྟབས་འགྲན་རྩོད་ཆེ་བའི་དཔྱད་འདེམས་ནང་ཚུད་ཡོད། དེ་ནི་ཀྲོའུ་དེར་ད་བར་མཚན་སྙན་དེ་ཐོབ་པའི་གྲོང་ཚོ་འབའ་ཞིག་དེ་རེད།
         རེབ་གོང་རྫོང་བཙན་མོ་ཤང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་བྱེད་པའི་རྣམ་གྲངས་གོ་སྐབས་སུ་བྱས་ནས། རོགས་སྐྱོར་མ་དངུལ་ཁག་བསྡུ་སྒྲིལ་དང་གྲོང་མིས་རང་གྲབས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མ་དངུལ་སྒོར་ཁྲི་970བཏང་ནས་བཙན་མོ་གྲོང་ཚོའི་འགྲོ་ལམ་སྔོ་འགྱུར་དང་། སྒོ་ར་མཛེས་བཟོ། LEDཡི་ལམ་སྒྲོན་སྒྲིག་སྦྱོར། འཕྲོད་བསྟེན་གཙང་སྦྲའི་སྒྲིག་ཆས་སྒྲིག་སྦྱོར། ཁོར་ཡུག་གཙང་སྦྲ་འགན་ལེན། གནའ་ཤིང་རིག་གནས་ཐང་ཆེན་འཛུགས་སྐྲུན། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཚོང་འདུས་གྲོང་རྡལ་གྱི་ཚོང་ལས་ཁྲོམ་གཞུང་གཏོདཔ་སོགས་ཀྱི་ལས་གྲྭ་བསྐྲུན་པས། བཙན་མོ་གྲོང་ཚོ་དེ་ཉིད“མིང་གྲལ”ནང་བདེ་བླག་ངང་ཚུད་པ་དང། རྒྱལ་ཡོངས་ཀྱི“མཛེས་སྡུག་ལྡན་ལ་འཚོ་སྡོད་བྱ་རྒྱུར་འཚམ་པའི་དཔེ་སྟོན་གྲོང་ཚོར”འགྱུར་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།