འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཏི་པའེ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨུ་རུ་སུར་ལྷུངས་ནས་ནང་དུ་ཡོད་པའི་མི་62ཚང་མ་
    རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཨུ་རུ་སུའི་ཛ་དྲག་གནས་ཚུལ་པུའུ་ཉམས་ཉེན་གནས་ཚུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ཁེ་ཐུའོ་•ཡ་ཁྲུའུ་ཚེན་ཁོ་ཡིས་ངོས་འཛིན་བྱས་པ་ལྟར་ན། ཉིན་དེར་ཨུ་རུ་སུ་རྒྱལ་ཁབ་ལྷོ་རྒྱུད་གྲོང་ཁྱེར་ཏུན་ཧོ་ཕན་ལུའོ་སི་ཐུའོ་ཧྥུའུ་རུ་ཆག་སྒོ་བྱུང་བའི་ཏི་པའེ་ཡི་འགྲུལ་སྐྱེལ་གནམ་གྲུའི་སྟེང་དུ་མི་62ཡོད་པ་དང་། དེའི་ཁྲོད་ཀྱི་མི་12ནི་ཕྱི་རྒྱལ་གྱི་སྤྱི་དམངས་ཡིན་ལ། གནམ་གྲུའི་སྟེང་ཡོད་པའི་མི་ཚང་མ་རྐྱེན་ལམ་དུ་ཤོར་བ་རེད།
         ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་དོན་གཅོད་པུའུ་ཡིས་བརྡ་ཁྱབ་བཏང་བ་ལྟར་ན། ཞིབ་བསྡུར་བྱས་པ་བརྒྱུད་རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་ཀྲུང་གོའི་སྤྱི་དམངས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།