འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་རྒྱལ་ཁབ་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོངས་སུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད་ཀྱི་རྩ་གནད་ཀྱི་ནང་དུ་ཁྲོན་བོད་ལྕགས་ལམ་དེ་ཉིད་རྒྱལ་ཁབ་ཀྱི"ལོ་ལྔ་ཚན་བཅུ་གསུམ་པའི"གཙོ་གནད་རྣམ་གྲངས་སུ་བཀོད་པ་འདིའི་ཐོག་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ་ཉིན་རེའི་ལས་རིམ་དུ་བཀོད་པ་གསལ་པོར་མཚོན་པ་རེད།
         ཁྲོན་བོད་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་བྱས་རྗེས་བོད་ལྗོངས་སུ་བསྐྱོད་རྒྱུའི"མཁའ་ལམ"གཉིས་པ་ཡིན་ཞིང་། སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་ནས་འགོ་ཚུགས་ཏེ་བར་དུ་གཡག་རྔ་དང་། དཀར་མཛེས་ཁུལ། ཆབ་མདོ་ཁུལ། ཉིང་ཁྲི་ས་ཁུལ་ལ་སོགས་པ་བརྒྱུད་མཐར་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ལྷ་སར་འབྱོར་རྒྱུ་ཡིན་པ་དང་། རིང་ཚད་བསྡོམས་འབོར་ཧ་ལམ་སྤྱི་ལེ་1900ཡོད་པ་དང་། འཛུགས་སྐྲུན་བྱེད་རྒྱུའི་རིང་ཚད་བསྡོམས་འབོར་ཧ་ལམ་སྤྱི་ལེ་1800ཡོད་པ་རེད། 
         2014ལོའི་ཟླ་12པར་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་མཚམས་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ཁྲེན་ཏུའུ་ནས་གཡག་རྔ་བར་གྱི་ལམ་མཚམས་ཀྱང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བཙམས་པ་རེད། མིག་སྔའི་བར་ལྕགས་ལམ་བཟོ་པ་རྣམས་ཀྱིས་ས་གཤིས་རྙོག་འཛིང་ཆེ་བ་དང་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་སྟོབས་ཤུགས་གང་ཡོད་བཏོན་ཏེ་ལམ་མཚམས་གཉིས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། ལྕགས་ལམ་འཛུགས་སྐྲུན་གོང་དུ་འཕེལ་ཚད་བདེ་བླག་རེད། 
    ཤེས་རྟོགས་བྱུང་བ་ལྟར་ན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱས་གྲུབ་རྗེས་ཁྲེན་ཏུའུ་ནས་ལྷ་སའི་བར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་13དུ་ཐུང་དུ་གཏོང་རེ་ཡོད་པ་དང་། མིག་སྔར་གྲོང་ཁྱེར་དེ་གཉིས་བར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་48ཡས་མས་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།