འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་རི་ནེ་ཝའི་ཞི་བའི་གྲོས་མོལ་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རི་ཡ་ཏེ་ནས་གནས་ཚུལ་འབྱོར་པ་སྟེ་ཉེ་ཆར་སྤྱི་ཁྱབ་པུའུ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེར་བཙུགས་པའི་སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་མཐོ་རིམ་གྲོས་མོལ་ཨུ་ཡོན་ལྷན་ཁང་གིས་ཚེས་14ཉིན་ཡང་བསྐྱར་འཚོགས་པའི་རེས་སྐོར་གསར་པའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་ནང་ངོ་རྒོལ་ཤོག་ཁག་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         སི་རི་ཡའི་ངོ་རྒོལ་ཤོག་ཁག་གི་མཐོ་རིམ་གྲོས་མོལ་ཨུ་ཡོན་ལྷན་ཁང་གིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་དམག་འཁྲུག་མཇུག་འགྲིལ་བར་འབད་བརྩོན་བྱེད་པར་དང་ལེན་ཞུ་ཆེད་སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་ཚེས་14ཉིན་རི་ནེ་ཝར་འཚོགས་པའི་སི་རི་ཡའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།
         གསལ་བསྒྲགས་ནང་སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས་གྲོས་མོལ་ནང་བར་བརྒལ་སྲིད་གཞུང་འཛུགས་རྒྱུའི་རེ་བ་འདོན་རྒྱུ་རེད་ཅེས་བཤད་པ་རེད།
         ད་རེས་ཀྱི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་ཟླ་1ཚེས་29ཉིན་འགོ་ཚུགས་རྗེས་ཕྱོགས་གཉིས་དབར་ཕྱོགས་འགལ་ཆེན་པོ་བྱུང་སྟབས་ཟླ་2ཚེས་3ཉིན་གནས་སྐབས་མཚམས་འཇོག་དགོས་བྱུང་བ་མ་ཟད་འཆར་གཞི་བཞིན་ཟླ་2ཚེས་25ཉིན་ཡང་བསྐྱར་འགོ་ཚུགས་ཐུབ་མེད། དེའི་རྗེས་སུ་ཕྱོགས་ཁག་གིས་འབད་བརྩོན་བྱས་པ་བརྒྱུད་སི་རི་ཡའི་གདོང་ཐུག་ཕྱོགས་ཁག་གིས་ཟླ་2ཚེས་27ཉིན་དམག་མཚམས་འཇོག་རྒྱུའི་མོས་མཐུན་བྱས་པ་དང་ཟླ་3ཚེས་9ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཏེ་སྨི་སི་ཐུའུ་ལས་རི་ནེ་ཝར་དེ་གོང་གནས་སྐབས་མཚམས་བཞག་པའི་རེས་སྐོར་གསར་པའི་སི་རི་ཡའི་གནད་དོན་གྱི་རི་ནེ་ཝའི་ཞི་བའི་གྲོས་མོལ་དེ་དེ་ཉིན་ཕྱི་དྲོ་ཡང་བསྐྱར་འགོ་ཚུགས་རྒྱུ་ཡིན་མོད། འོན་ཀྱང“དོན་དམ་པའི་གྲོས་མོལ”དེ་ཟླ་3ཚེས་14ཉིན་འགོ་ཚུགས་རྒྱུ་ཡིན་ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།