འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི“བྱིས་པས་འདེམས་ཤོག་འཕེན་པའི་བྱ་དགའ”སྤྲད་པ།

    《སྐར་མའི་གོ་ལའི་གཡུལ་འགྱེད་7》ལ་ལྟད་མོ་བས་དགའ་ཤོས་བྱེད་པའི་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་སྐབས་29པའི་ཉི་ཁེ་ལུའོ་ཏི་ཨེན་བརྙན་འཕྲིན་འཕྲིན་ལམ་གྱི“བྱིས་པས་འདེམས་ཤོག་འཕེན་པའི་བྱ་དགའ”སྤྲོད་པའི་མཛད་སྒོ་གཉེར་བ་དང《སྐར་མའི་གོ་ལའི་གཡུལ་འགྱེད། གདོད་ཤུགས་སྐུལ་བ》དང《ཐེ་བྲང་མགྲོན་ཁང་2》ལ་ལྟད་མོ་བས་དགའ་ཤོས་བྱེད་པའི་གློག་བརྙན་དང་འགུལ་རིས་གློག་བརྙན་གྱི་བྱ་དགའ་སོ་སོར་ཐོབ་པ་རེད།
         “བྱིས་པས་འདེམས་ཤོག་འཕེན་པའི་བྱ་དགའ”དེར་བྱིས་པའི“ཨའོ་སི་ཁ”ཞེས་ཀྱང་བརྗོད། བྱ་དགའི་རྣམ་གྲངས་ཚང་མའི་ཞིབ་དཔྱད་ཨུ་ཡོན་ཚང་མ་ནི་ལོ་14མན་གྱི་ཉི་ཁེ་ལུའོ་ཏི་ཨེན་བརྙན་འཕྲིན་འཕྲིན་ལམ་གྱི་ལྟད་མོ་བ་ཆུང་ཆུང་ཡིན་པ་དང་ཁོང་ཚོས་དྲ་ཐོག་དང་ལག་ཐོགས་ཁ་པར་ཐོག་ནས་འདེམས་ཤོག་འཕེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལོ་འདིའི་ལྟད་མོ་བས་དགའ་ཤོས་བྱེད་པའི་བརྙན་འཕྲིན་ལེ་ཚན་དང་། གློག་བརྙན། རོལ་དབྱངས། དཔེ་དེབ་སོགས་བྱ་དགའི་རྣམ་གྲངས་ཁག་23བདམས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།