འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའོ་མོན་གྱི་འཐུས་མི་ཧོ་དབྱི་ཁྲེང་གིས་སྣ་མང་འཕེལ་རྒྱས་འོས་འཚམ་བཏང་ནས་ས་ཁོངས་
    མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པོ་ཚའེ་ཡུལ་སྐོར་ལས་རིགས་ནི་ཨའོ་མོན་དཔལ་འབྱོར་གྱི་སྣེ་འདྲེན་ཞིག་ཡིན། 2015ལོར་པོ་ཚའེ་ལས་རིགས་ཉམས་ཞན་དུ་ཕྱིན་པ་དང་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པ་ལས་ཨའོ་མོན་དཔལ་འབྱོར་གྱི་གྲངས་གཞི་དམའ་རུ་སོང་ཡོད་མོད། འོན་ཀྱང་དཔལ་འབྱོར་ལ་གནོན་ཤུགས་འགོག་པའི་ནུས་པ་ཆེན་པོ་ལྡན་ཡོད། པོ་ཚའེ་ལས་རིགས་ཀྱི“ལས་རིགས་གཅིག་ཁེར་རྐྱང་ངང་སྟོབས་ཆེར་གཏོང་བའི”ཞན་ཆར་དམིགས་ཏེ་དཔལ་འབྱོར་འོས་འཚམ་ངང་སྣ་མང་ཅན་དུ་འགྱུར་བ་དེ་ཨའོ་མོན་བ་ཚོའི་ཐུན་མོང་གི་ངོས་འཛིན་ཡིན།
         2015ལོའི་ཟླ་12པར་ཀྲུང་དབྱང་སྲིད་གཞུང་གིས་ཨའོ་མོན་ལ་ཁྲིམས་གཏན་འཁེལ་བའི་ཆུ་ཁོངས་དོ་དམ་བྱ་ཡུལ་སྤྱི་ལེ་ངོས་གྲུ་85གནང་ནས་ས་ཆ་དཀོན་པའི་དབང་གིས་དུས་ཡུན་རིང་པོ་ཨའོ་མོན་འཕེལ་རྒྱས་འགྲོ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔར་པོ་ཚའེ་ལས་རིགས་ཀྱི་ཚབ་རྦད་དེ་བྱེད་ཐུབ་མཁན་ཁེ་ལས་གཅིག་ཀྱང་མེད་མོད། འོན་ཀྱང་ཨའོ་མོན་གྱིས་ས་ཆ་དེ་གའི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་ཀྱི་ཡོད། ཀྲུང་དབྱང་གིས་ཨའོ་མོན་ལ་ཆུ་ཁོངས་དོ་དམ་གྱི་དབང་ཆ་གནང་བ་དེས་ཨའོ་མོན་གྱིས‘ལྟེ་གནས་གཅིག་དང་ལས་སྟེགས་གཅིག’(འཛམ་གླིང་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་དང་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་གི་རྒྱལ་ཁབ་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས)ཧུར་ཐག་སྐྲུན་ནས་སྒུལ་ཤུགས་གསར་པ་བསྣན་ཡོད། ཨའོ་མོན་གྱིས“མཚོ་བབ་དང་བསྟུན་ནས”མཚོ་ཐོག་ཡུལ་སྐོར་དང་། མཚོ་སྐྱོད་ལུས་སྦྱོང་། གྲུ་ཁའི་འགྲིམ་འགྲུལ་སོགས་འབྲེལ་ཡོད་གསར་དར་ཐོན་ལས་གསར་སྤེལ་བྱས་ནས་དཔལ་འབྱོར་དང་འཚམ་པའི་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆོག
         “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་གཅིག་རམ་གཅིག་འདེགས་བྱས་པ་ལས་ཨའོ་མོན་འཕེལ་རྒྱས་ལ་ཁ་ཕྱོགས་སྔར་བས་གསལ་བཏོན་བྱས་ཡོད། འཆར་ཟིན་གྱིས་ཨའོ་མོན་གྱི་པོ་ཚའེ་ལས་རིགས་ཀྱི“ལས་རིགས་གཅིག་ཁེར་རྐྱང་ངང་སྟོབས་ཆེར་གཏོང་བའི”ཞན་ཆ་སེལ་རྒྱུར་ཁ་གཏད་གཅོག་པའི་སྲིད་ཇུས་མཁོ་འདོན་བྱས་ཡོད་པ་མ་ཟད། ཁེ་ལས་འབྲིང་ཆུང་ལ་འཕེལ་རྒྱས་ཀྱི་རེ་བ་མཐོང་ཐུབ་པ་བྱས་ཡོད། འཆར་ཟིན་ནང་ཤང་ཀང་དང་ཨའོ་མོན་གྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་གཞོན་ནུ་རྣམས་ནང་སར་འཕེལ་རྒྱས་གསར་གཏོད་བྱེད་པར་ཡོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བསྟན་པ་དང་། ཨའོ་མོན་གྱི་ཁེ་ལས་འབྲིང་ཆུང་15000ལྷག་ཙམ་ལ་འབྱུང་འགྱུར་ནང་སའི་རང་མོས་ཚོང་དོན་ཁུལ་འཕེལ་རྒྱས་དང་། དངུལ་རྩའི་དཔྱ་ཁྲལ་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་སྲིད་ཇུས་གལ་ཆེན་གྱི་ཕན་པ་དེ་བས་ཆེ་བ་ཐོབ་རྒྱུ་ཡིན་པའི་ཡིད་ཆེས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།