འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་ཚོགས་ཆུང་ཁག་བགོས་
    ཀྱི་རྒྱན་འཕེན་ཚུལ་ཡོངས་བསྒྲགས་བྱས་པ།

    ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ཨ་རིའི་སྒྱུ་མ་རུ་ཁག་དང་ཐོག་མར་འགྲན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་ལི་གཡོད་རི་ནེ་ལུའུ་ཡི་ཨོ་རྩལ་འགྲན་ཚོགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གྱི་ཚོགས་ཆུང་ཁག་བགོས་ཀྱི་རྒྱན་འཕེན་གྲུབ་འབྲས་ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་གྱི་ཕྱི་དྲོ་སུའེ་ཙེར་གྱི་སྨི་སི་རུ་ཡོད་པའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ཡོངས་བསྒྲགས་བྱས་ཡོད། རྒྱན་ཡག་པོ་ཐོབ་པའི་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ཟླ་8ཚེས་6ཉིན་གྱི་ཚོགས་ཆུང་འགྲན་བསྡུར་ནང་ཨ་རིའི་སྒྱུ་མ་རུ་ཁག་དང་ཐོག་མར་འགྲན་རྒྱུ་ཡིན་པ་རེད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་སྐྱེས་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེ་ཟླ་8ཚེས་6ཉིན་ནས་ཚེས་21ཉིན་བར་སྤེལ་རྒྱུ་ཡིན། ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་ཉིད་ཨ་རི་དང་། ཝེ་ནེ་རུའེ་ལ། ཨོ་སི་ཁྲུ་ལི་ཡ། ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ལུས་འགྲན་བསྡུར་ནང་འགྲན་ཞུགས་དབང་ཆ་ཐོབ་མཁན་སྤོ་ལོའི་རུ་ཁག་གཉིས་བཅས་ལས་གྲུབ་པའི་ཚོགས་ཆུང་ཀ་པའི་ནང་འཁེལ་ཡོད་པ་རེད།
         བུད་མེད་ལན་ཆིའུ་སྤོ་ལོ་རུ་ཁག་ཐད་རི་པིན་དང་། པར་ཙིར། ཨོ་སི་ཁྲུ་ལི་ཡ་བཅས་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ལུས་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མཁན་སྤོ་ལོའི་རུ་ཁག་གསུམ་དང་མཉམ་དུ་ཚོགས་ཆུང་ཀ་པའི་ནང་འཁེལ་ཡོད་པ་རེད།
         ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ལན་ཆིའུ་སྤོ་ལོའི་བདམས་ལུས་འགྲན་བསྡུར་དེ་ཟླ་6ཚེས་13ཉིན་ནས་ཚེས་19ཉིན་བར་ཧྥ་རན་སེའི་ནན་ཐེ་རུ་སྤེལ་རྒྱུ་ཡིན་པ་དང་། དེའི་ནང་ཀྲུང་གོའི་རུ་ཁག་ཚུད་པའི་སྤོ་ལོའི་རུ་ཁག་12ཀྱིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་མཐའ་མའི་ཞུགས་འཐུས་སྒོ་འཛིན་5ཐོབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།