འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་དང་ཨུ་ལྷན་གྱི་འགན་འཁུར་བས་པུའུ་ཀྲང་འབྲེལ་ལམ་དུ་བཅར་འདྲི་དང་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཡོད། ཚོགས་འདུ་མ་འཚོག་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤའོ་ཡ་ཆིང་དང་། ཚོང་དོན་པུའུ་ཡི་པུའུ་ཀྲང་ཀའོ་ཧུའུ་ཁྲེང་། རྒྱལ་ཁྲལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན། རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་མེའོ་ཡུས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཧྲའོ་ཧྲེ། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཀྲང་ཡུས་སོགས་པུའུ་དང་ཨུ་ལྷན་གྱི་ཀྱི་འགན་འཁུར་བས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུས་པ་རེད།
         སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གནད་དོན་ཐད་ཤའོ་ཡ་ཆིང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏོང་བར་ཐོག་མར་ད་ཡོད་ལས་མིའི་ཁེ་ཕན་འགན་ལེན་ཐུབ་པ་བྱས་ནས་སྒྱུར་བཅོས་བྱེད་རིང་ཟླ་སྒྲིལ་བསྐྱར་སྒྲིག་མང་ཙམ་བྱེད་དགོས་པ་དང་མ་རྩ་བརྡིབས་པའི་གཙང་རྩིས་ཉུང་ཙམ་རྒྱག་དགོས། ལས་རྣམ་གསར་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་བཀོད་པ་ལེགས་སྒྲིག་བྱས་པས་གོ་སྐབས་གསར་པ་མང་པོ་གཏོད་དེ་ལས་ཞུགས་མང་དུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁྲལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས་རྒྱལ་ཁྲལ་སྤྱི་ཁྱབ་ཅུས་ཀྱིས་ནོར་སྲིད་པུའུ་དང་ལྷན་དུ་མགྱོགས་མྱུར“ལས་གཉེར་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་ལ་སྒྱུར་བའི”ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་མགྱོགས་ན་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རྗེས་སུ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་ཐུབ་རེ་ཡོད་པ་རེད། ཁེ་ལས་ཀྱིས“ལས་གཉེར་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་ལ་སྒྱུར་རྒྱུར”བར་བརྒལ་བྱེད་རོགས་བྱ་ཆེད་འདི་ལོའི་ཟླ་དྲུག་པར་ཁྲལ་འཇལ་རེ་ཞུའི་མཚམས་འཇོག་དུས་ཚོད་ཟླ་6ཚེས་15ཉིན་ནས་ཟླ་6ཚེས་25བར་ནར་འགྱངས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
         “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ང་ཚོས་འདུ་འགོད་ཅིག་ལག་ལེན་བསྟར་བ་དང་མ་ལག་བཞི་གཏོད་དེ་ཙུང་ལིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གསུང་པ་ལྟར་མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པ་དང་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་དགོས”ཞེས་རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་འཛུགས་སྐྱོང་གི་སྤྱིའི་བསམ་ཕྱོགས་ལ་ལན་བསྐྱོན་པ་རེད། འདུ་འགོད་ཅིག་ནི་རིག་གནས་རྩེ་གྲའི་གསར་རྩོམ་འདུ་འགོད་ཅིག་ཡིན་པས་རིག་གནས་ཐོན་རྫས་ཁྲོད་གྲངས་ཚད་ཡོད་ཀྱང་སྤུས་ཚད་ཞན་པའི་གནད་དོན་ཐག་གཅོད་ཧུར་ཐག་དང་ལེགས་པོ་ནས་ལེགས་ཤོས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། མ་ལག་བཞི་ནི་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་མ་ལག་གཏོད་དེ་དངོས་པོ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཏོད་ནས་ཚད་ལྡན་ཅན་དང་དོ་སྙོམས་ཅན་གྱི་བླང་བྱ་གཞིར་བཟུང་མང་ཚོགས་ལ་དེ་བས་སྟབས་བདེ་ལ་ཕུན་སུམ་ཚོགས་པའི་རིག་གནས་ཞབས་ཞུ་བྱེད་པ། རིག་གནས་ཐོན་ལས་མ་ལག་གཏོད་པ་དང་ཕྱི་ཕྱོགས་རིག་གནས་སྤེལ་རེས་མ་ལག་གཏོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།