འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཆར་འགོད་གསར་པ་ལས་གོ་སྐབས་གསར་པ་འཕྲད་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མ་ཟིན་ནང་ཤང་ཀང་དང་འབྲེལ་བའི་ནང་དོན་ལ་ཤང་ཀང་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོའི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་ཁོང་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལས་ཤང་ཀང་ལ་གོ་སྐབས་གསར་པ་འཕྲད་རྒྱུ་ཡིན་པའི་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་རེད།
         འཐུས་མི་ཡའོ་ཙུའུ་ཧུའེ་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མ་ཟིན་ནང་རྒྱལ་ཁབ་འཕེལ་རྒྱས་འགྲོ་རིང་ཤང་ཀང་གི་འཐབ་ཇུས་གནས་བབ་ཁ་གསལ་བཟོས་པ་དང་ཤང་ཀང་གིས་ཕྱོགས་གང་ཐད་ནུས་པ་འདོན་ཐུབ་མིན་གསལ་བཤད་བྱས་ཡོད། རྒྱལ་ཁབ་ཀྱིས་ཉེ་བའི་ལོ་ཤས་རིང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་བཏོན་ཡོད་པས་ཤང་ཀང་གིས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་ཆེད་ཞབས་འདེགས་ཞུ་བ་དང་རང་ངོས་ཀྱི་ནུས་པའང་ཆེ་རུ་གཏོང་ཆོག་པའི་ངོས་འཛིན་གནང་བ་རེད།
         ཨུ་ཡོན་ཐང་དབྱིན་ཉན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཤང་ཀང་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་བཏོད་ཡོད་པས་ཤང་ཀང་གིས་རྒྱལ་སྤྱིའི་དངུལ་རྩའི་ལས་སྟེགས་དང་བྱང་ཚད་མཐོ་བའི་ཞབས་ཞུའི་ལས་རིགས་མི་སྣ་སོགས་ཀྱི་ལེགས་ཆར་བརྟེན་ནས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་ཧུར་ཐག་གཏོང་དགོས་པའི་ངོས་འཛིན་གནང་ཡོད། ཁོང་གིས་ཤང་ཀང་གིས་དངུལ་རྩའི་ལེགས་ཆ་མུ་མཐུད་སྤྱད་དེ་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་རམ་འདེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་དེ་ཏག་ཏག་ཤང་ཀང་གི་ཀ་རྟེན་ལྟ་བུའི་དཔལ་འབྱོར་ལས་རིགས་ཆེ་གྲས་བཞི་དང་གཞོགས་འདེགས་ཀྱི་ཕན་ནུས་ཐོན་རྒྱུ་རེད། རྩེར་སོན་གྱི་ཞབས་ཞུའི་ལས་རིགས་ཐད་ནང་སའི་དགོས་མཁོ་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད་པས་ཤང་ཀང་གིས་དེའི་ཐད་གོ་སྐབས་དང་བསྟུན་ནས་ལེགས་ཆ་འདོན་སྤེལ་བྱེད་ཆོག་ཅེས་གསུངས་པ་རེད།
         ཨུ་ཡོན་ཐན་ཡའོ་ཙུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མ་ཟིན་ནང་ཤང་ཀང་སྐོར་གྱི་ཆ་ཤས་བཀོད་པ་དེ་སྔོན་ཆད་ལས་སྔར་བས་འཐུས་སྒོ་ཚང་བ་ཡོད་པ་དེ་ཐོག་ནས་ཀྲུང་དབྱང་གིས་ཤང་ཀང་ལ་སྔར་རྒྱུན་བཞིན་རྒྱབ་སྐྱོར་གནང་བ་མ་ཟད་ཐུགས་རེ་ཟབ་མོ་བཅོལ་གནང་མཛད་པ་གསལ་བཤད་ཐུབ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཤང་ཀང་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྣ་ཚོགས་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཤང་ཀང་གི་ཁེ་ལས་འབྲིང་ཆུང་ལ་ལྟ་རྟོག་བྱ་རྒྱུ་མ་ཟད། ཤང་ཀང་གི་ན་གཞོན་ཚོའི་ལས་གཏོད་ལའང་ལྟ་རྟོག་བྱ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
         འཐུས་མི་ལུའོ་ཕན་ཅའོ་ཧྥེན་གྱིས་འབྱུང་འགྱུར་གྱི་ལོ་ལྔ་ནི་ཤང་ཀང་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་ཡིན་པས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་ཤང་ཀང་འཕེལ་རྒྱས་འགྲོ་རྒྱུར་ཕུགས་འདུན་བཟང་པོ་དང་ཡངས་ཤིང་རྒྱ་ཆེ་བའི་འཁོར་རྒྱ་བཏོད་ཡོད་པའི་ངོས་འཛིན་གནང་བ་རེད། ཁོང་གིས་མཐུན་སྦྱོར་སྒྲིག་གཞི་བཙུགས་ནས་སྲིད་ཇུས་ཁག་གི་འཕེལ་རིམ་གྱི་རྗེས་སུ་སྙེགས་ཏེ་འབྲེལ་ཡོད་ནང་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་གཏོང་བ་དང་ཐོབ་པར་དཀའ་བའི་གོ་སྐབས་གང་ལེགས་སྤྱད་དེ་ས་གནས་གཉིས་པོར་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།