འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་དབན་གྱི་འཐུས་མི་ཝང་དབྱི་ཕུའུ་ཡིས་རྒྱལ་ཁབ་ཁ་ཕྲལ་གྱི་ལོ་རྒྱུས་སྐྱོ་གར་སླར་ཡང་
    འཁྲབ་ཏུ་གཏན་ནས་འཇུག་མི་རུང་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་17ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ང་ཚོས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་མཐའ་དག་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ཁ་ཕྲལ་གྱི་ལོ་རྒྱུས་སྐྱོ་གར་སླར་ཡང་འཁྲབ་ཏུ་གཏན་ནས་འཇུག་མི་རུང་ཞེས་ནན་བཤད་གནང་མྱོང་ཡོད། 1895ལོའི་ཟླ་4ཚེས་17ཉིན་ཆིང་རྒྱལ་རབས་སྲིད་གཞུང་གིས་སྐུ་ཚབ་བཏང་ནས་རི་པིན་སྲིད་གཞུང་དང་《མ་ཀོན་ཆིངས་ཡིག་》འཇོག་དགོས་བྱུང་། ཀྲུང་གོས་ལེའོ་ཉིང་ཤར་རྒྱུད་ཕྱེད་གླིང་དང་། ཐའེ་དབན་གླིང་ཕྲན་དང་དེའི་ཁོངས་གཏོགས་ཀྱི་གླིང་ཕྲན། ཕུན་ཧུའུ་གླིང་ཚོམ་བཅས་རི་པིན་ལ་མངའ་ཁོངས་བཅད་སྤྲོད་བྱས་ཡོད། ཆིངས་ཡིག་དེ་ནི་《པེ་ཅིང་ཆིངས་ཡིག་》བཞག་ཚུན་བཙན་འཛུལ་པས་ཀྲུང་གོར་བཙན་ཤེད་ཀྱིས་འཇོག་ཏུ་བཅུག་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་ཅིག་རེད། དེའང་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་སྐྱོ་གར་ཞིག་ཏུ་གྱུར་ཡོད་པ་རེད།
        ད་བར“ཀྲུང་གོ་གཅིག”གི་རྩ་དོན་དེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་བུ་ཕྲུག་གི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད་ལ་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་ཏུའང་གྱུར་ཡོད། 1992ལོར་སྐམ་སའི་མཚོ་འབྲེལ་མཐུན་ཚོགས་དང་ཐའེ་དབན་མཚོ་ཐེབས་ལྷན་ཚོགས་གཉིས་ཀྱིས་ཤང་ཀང་དུ་གྲོས་མོལ་བྱས་ཤིང་། མཐར་རང་སོ་སོས་ངག་ཐོག་ནས“མཚོ་འགག་ངོགས་གཉིས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུའི”ཐུན་མོང་ངོས་འཛིན་བརྗོད་པ་དང་ཕྱིས་སུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཞེས་འབོད་ཀྱི་ཡོད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ནང་དོན་གཙོ་བོ་ནི་ཀྲུང་གོ་གཅིག་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་སྙིང་བཅུད་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་རྒྱུ་དེ་ཡིན། “ཐུན་མོང་ངོས་འཛིན”དེ་ལས་སླ་པོར་བྱུང་བ་ཞིག་མིན་པས་སྲུང་སྐྱོང་དང་མཐའ་འཁྱོངས་ཧུར་ཐག་བྱེད་དགོས།
         འདི་ལོའི་ཟླ་3ཚེས་5ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཁོང་གནས་སའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཧྲང་ཧའེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“ང་ཚོས་ཐའེ་དབན་ལ་འཛིན་པའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ནི་ཁ་གསལ་པོ་དང་འགྱུར་བ་མེད་པ་ཞིག་ཡིན་པས་ཐའེ་དབན་གྱི་ཆབ་སྲིད་གནས་ཚུལ་འགྱུར་བ་ལས་འགྱུར་བ་འགྲོ་མི་སྲིད”ང་ཚོས་ཐའེ་དབན་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་འདུན་པར་བརྩི་སྲུང་ཞུ་རྒྱུ་ཡིན་ལ་ཐའེ་དབན་མི་དམངས་ཀྱི་ཁྱིམ་སྐྱོང་བའི་མ་རྩར་ཡང་ལྟ་རྟོག་བྱ་རྒྱུ་ཡིན། ངོགས་གཉིས་ཀྱི་སྤུན་ཟླའི་དབར་ཁྲག་རྒྱུད་གཅིག་ལྟ་བུ་ཡིན། ཚང་མས་ཐའེ་དབན་མཚོ་འགག་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་དང་དམངས་འཚོར་ཕན་པ་སྔར་བས་མང་པོ་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།
         མིག་སྔར་ཐའེ་དབན་དེ་ཉིད་སླར་ཡང་དུས་ཚིགས་གལ་ཆེན་ཞིག་ཏུ་གནས་ཡོད། ཐའེ་དབན་དམངས་གཙོ་ཡར་ཐོན་ཏང་དང་དེའི་འགོ་ཁྲིད་པས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”གྱི་ལོ་རྒྱུས་དང“ཀྲུང་གོ་གཅིག”གི་ལྟེ་བའི་ནང་དོན་ལ་བརྩི་སྲུང་ཞུ་རྒྱུའི་རེ་བ་ཡོད། ངོགས་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱེད་སྐབས་དམངས་གཙོ་ཡར་ཐོན་ཏང་གི“ཐའེ་དབན་རང་བཙན”གྱི་ཏང་གི་རྩ་འཛིན་དེ་འགོག་རྐྱེན་ཆེན་པོ་ཞིག་ཡིན་པས་དོར་དགོས། དམངས་གཙོ་ཡར་ཐོན་ཏང་གིས་ནང་ཁུལ་གྱི“ཐའེ་དབན་རང་བཙན”གྱི་ཕྱོགས་གཏོགས་དང་འབྲེལ་བ་གཅོད་དགོས་པ་མ་ཟད། ད་དུང“ཐའེ་དབན་རང་བཙན”གྱི་འདོད་ཚུལ་འཆང་མཁན་ཏང་ཤོག་གཞན་དག་དང་འབྲེལ་བ་ཡང་གཅོད་དགོས། སུ་ཞིག་གིས“ཐའེ་དབན་རང་བཙན”གྱི་བྱེད་སྤྱོད་སྤེལ་རུང་དེ་ནམ་ཡང་གྲུབ་ཐབས་བྲལ་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།