འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་
    ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ཝང་མེན་ལ་རྟོག་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་
ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ཝང་མེན་ལ་རྟོག་ཞིབ་བྱས་པ།
             མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་སུ་བཀོད་པའི་གསར་འགྱུར་ལ་གཞིགས་ན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨུ་ཡོན་ཝང་མེན་ལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
              ཝང་མེན་གྱིས་2004.10—2005.01ལོའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གཞོན་པ། ཞིང་ཆེན་འགོ་འཛིན་གྱི་འཐུས་ཚབ་བཅས་གནང་།
              2005.01—2006.11ལོའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གནང་།
              2006.11—2008.01ལོའི་བར་ཅི་ལིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གནང་།
              2008.01—2009.11ལོའི་བར་ཅིན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
              2009.11—2010.01ལོའི་བར་ལིའོ་ཉིང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གནང་།
              2010.01—2015.05ལོའི་བར་ལིའོ་ཉིང་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གནང་།
             2015.07ལོ་ནས་བཟུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་གནང་།
      

    ཕྱོགས་བསྡུས་གསར་འགྱུར།