འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ས་མཐོའི་མཁའ་ལམ་ཐོག་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་
    སིའི་དུས་གཏན་གནམ་གྲུ་ལོ་51རིང་བདེ་འཇགས་ངང་འཕུར་སྐྱོད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་དུས་གཏན་གནམ་གྲུ་CA4403གྱི་འགྲུལ་སྐྱེལ་གནམ་གྲུ་A319ལྷ་ས་གོང་དཀར་གནམ་ཐང་དུ་བབས་པ་ནས“འཛམ་གླིང་ཡང་རྩེར”ཤར་གཏོང་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ལམ་ཐོག་དུས་གཏན་གནམ་གྲུ་ལོ་51རིང་བདེ་འཇགས་ངང་འཕུར་སྐྱོད་བྱས་པ་མཚོན་ཡོད།
            ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་51རིང་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས། ས་མཐོའི་མཁའ་ལམ་ཐོག་གནམ་གྲུ་བདེ་འཇགས་ངང་འཕུར་འབབ་ཐེངས་ཁྲི་8.83བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1145དང་དངོས་ཟོག་སྐུར་མ་ཏུན་ཁྲི་25སྐྱེལ་འདྲེན་བྱས་པ་མ་ཟད། གེགས་སེལ་གྱི་ཛ་དྲག་དངོས་ཟོག་དང་དེ་བཞིན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཆེད་གཏོང་གནམ་གྲུ་བོད་ནས་འགྲོ་འོང་བྱེད་པ་སོགས་ཀྱི་སྐྱེལ་འདྲེན་ལས་འགན་གལ་ཆེན་ཐེངས་མང་ལེགས་གྲུབ་བྱས་ཡོད་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ལྷ་སའི་མཁའ་ལམ་ཐོག་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱི་ཆེས་སྔོན་ཐོན་ལག་རྩལ་ལྡན་པའི་གནམ་གྲུ་སྤྱད་ཡོད། མཁའ་ལམ་ཤར་གཏོང་ཐུབ་མ་ཐག་གི་དབྱིའར་18ནས་པོ་དབྱིན་707དང་། པོ་དབྱིན་757 མཁའ་འགྲུལ་གནམ་གྲུ་A340 A319 A330བཅས་བར་གསར་བརྗེས་ཐེངས་དྲུག་བྱས་པ་མ་ཟད། འགྲུལ་ཁང་གི་གསོ་རླུང་ཁོ་སྤྲོད་མ་ལག་དང་། གནམ་གྲུའི་གནོན་ཤུགས་ཆེར་གཏོང་མ་ལག སྒུལ་བྱེད་འཕྲུལ་འཁོར་གི་སྒུལ་ཤུགས་མ་ལག་བཅས་ལ་བཟོ་བཅོས་ཐེངས་མང་བརྒྱབ་ཡོད། མིག་སྔར་བོད་ཀྱི་མཁའ་ལམ་ཐོག་འཕུར་ཆོག་པའི་གནམ་གྲུ་27ཡོད་པའི་ནང་། གནམ་གྲུ་6གཤོང་ཆེའི་འགྲུལ་སྐྱེལ་གནམ་གྲུ་A330ཡིན་པས། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི“ས་མཐོའི་གནམ་གྲུའི་རུ་ཁག”ཅིག་གྲུབ་ཡོད་པ་རེད།
          ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་2008ལོའི་ཟླ་11པར་ལྷ་སའི་མཚན་མོའི་དུས་གཏན་གནམ་གྲུ་ཤར་གཏོང་བྱས་པ་དེ་ཐོག་ནས། ལྷ་ས་གནམ་ཐང་དུ་ལོ་43རིང་མཚན་མོའི་དུས་གཏན་གནམ་གྲུ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ལམ་ཐོག་ལོའི་ཡུལ་སྐོར་སྐྱེལ་འདྲེན་བྱེད་ཚད་དེ་མཁའ་ལམ་ཤར་གཏོང་བྱས་མ་ཐག་པའི་མི་ཐེངས་4000ནས་ད་ཆའི་མི་ཐེངས་ཁྲི་45.7བར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།