འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་
    སྐྱོང་བྱས་པར་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་འཛམ་གླིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཉིན་མོ་འཆར་བའི་སྐབས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཧྲེ་ཐའེ་ན་ཡིས་ཚེས་2ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོ་སྲིད་གཞུང་དང་། ཁེ་ལས། དམངས་ཚོགས་བཅས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅས་དབར་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོ་སྐབས་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།
           ཧྲེ་ཐའེ་ན་ཡིས“འདས་ཟིན་པའི་ལོ་གཉིས་ནས་གསུམ་རིང་ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་གི་གསལ་བསྒྲགས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པ་མ་ཟད། དེ་མཚུངས་ཀྱི་བྱེད་ཐབས་བཟོས་ཏེ་གླིང་ཆེན་ཨ་ཧྥེ་རི་ཁའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་རྒྱུར་གཞོལ་བས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་བསྔགས་བརྗོད་ཐོབ་ཡོད། ཉིན་ཤས་གོང་ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་ཁེན་ནི་ཡར་ཡོད་པའི་ཀྲུང་གོ་བ་དང་ཀྲུང་གོའི་ཁེ་ལས་འབོད་སྐུལ་བྱས་ནས་མཉམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་བཞག་སྟེ་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་ཚོང་བྱ་རྒྱུར་བཀག་འགོག་བྱེད་དགོས་བཤད་ཡོད”ཅེས་བརྗོད་པ་རེད།
          ཧྲེ་ཐའེ་ན་ཡིས་ཀྲུང་གོ་སྲིད་གཞུང་གིས་སྣོད་བཅུད་ཤེས་དཔལ་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པས་ཁོར་ཡུག་ཧྲུའུ་དང་གཅིག་མཚུངས་ཀྱི་ཕུགས་འདུན་འཆང་ཡོད། “ཉིན་ཤས་གོང་ཧྲང་ཧའེ་རུ་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ནོར་སྲིད་པུའུ་ཀྲང་དང་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཚོགས་འདུའི་ཐོག་ང་ཚོས་ལྗང་མདོག་དངུལ་རྩའི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུའི་དམ་བཅའ་བཞག་པ་ཡིན། ཁོར་ཡུག་ཧྲུའུ་དང་། ཀྲུང་གོ གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བཅས་དབར་ཡང་ལྷོ་ལྷོ་མཉམ་ལས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་ཆགས་ཡོད”ཅེས་བརྗོད་པ་རེད།
          ཧྲེ་ཐའེ་ན་ཡིས་འདི་ལོའི་ཟླ་ལྔ་པར་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་གཉིས་པའི་ཁོར་ཡུག་ཚོགས་ཆེན་ཐོག་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་བཏོན་ནས་ཁོར་ཡུག་ཧྲུའུ་དང་གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་70ཡི་ཁོར་ཡུག་སྲུང་སྐྱོང་གི་རེ་འབོད་ཐད་ལག་རྩལ་དང་། མི་སྣ། ནོར་སྲིད་བཅས་ཐད་ནས་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།