འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི“པུའུ་ཀྲང་དང་འབྲེལ་ལམ”གྱི་གླེང་མང་བའི་གནད་དོན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་3ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ་དང་ལུས་ལ་ཕྱི་ལུགས་གྱོན་ཆས་ནག་པོ་བཞེས་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲུང་གོ་ལྟ་ཞིབ་པུའི་པུའུ་ཀྲང་ཧོང་ཧྲུའུ་ཤན་བྱང་སྒོ་ནས་ཚོགས་ཁང་ཆེ་མོར་ཕེབས་མ་ཐག་སྔ་ས་ནས་སྒུག་བསྡད་པའི་གསར་འགོད་པ་བརྒྱ་ལྷག་ཙམ་གྱིས་ངོ་ཤེས་ནས“པུའུ་ཀྲང་ཧོང་ལགས། བཀའ་མོལ་ཚིག་གཉིས་གསུངས་དང”ཞེས་བཤད།
           གསར་འགོད་པའི་སྐད་ཆ་གསན་མ་ཐག་ཧོང་ཧྲུའུ་ཤན་མདུན་དུ་ཕེབས་ནས་འཛུམ་དམུལ་དམུལ་ངང་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་སྐད་དུང་མདུན་དུ་བཞེངས་ཏེ“བྱས་ན་ངས་ཚིག་གཉིས་ཤོད་ཀྱི་ཡིན”ཞེས་གསུངས།
          ཧོང་ཧྲུའུ་ཤན་གྱིས“བཀའ་མོལ་ཚིག་གཉིས”གསུངས་པར་སྐར་མ་བཞི་ཙམ་འགོར་བ་དང་ཁོང་གིས་ཀྲུང་གུང་གི་2016ལོའི་རུལ་རྒོལ་གྱི་ཆོད་སེམས་མཚོན་པར་བྱས་པ་མ་ཟད། འདི་ལོ“མང་ཚོགས་གམ་གྱི་རུལ་སུངས་གནད་དོན་ཐག་གཅོད་ལ་དེ་བས་མཐོང་ཆེན་བྱ་རྒྱུ་རེད”ཅེས་ནན་བཤད་གནང་བ་རེད།
          བཅར་འདྲི་ཞུ་ཡུལ་དེ་ནི་ཚོགས་འདུ་གཉིས་ཀྱི“པུའུ་ཀྲང་དང་འབྲེལ་ལམ”ཡིན་པའི་མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོ་ནས་ཚོགས་ར་གཙོ་བོར་བསྐྱོད་སའི་ས་གདན་དམར་པོ་བཏིང་བའི་འགྲོ་ལམ་སྨི་བརྒྱ་ལྷག་ཙམ་ཡོད་པ་ཞིག་ཏུ་ཡིན་ཞིང་། དེ་གར་ནི་ཚོགས་འདུ་གཉིས་ཚོགས་རིང་ཀྲུང་གོའི་སྲིད་འཛིན་སྡེ་ཚན་གྱི་མཐོ་རིམ་དཔོན་རིགས་ཚོགས་རར་ཕེབས་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།
          པུའུ་དང་ཨུ་ལྷན་ཁག་གི“འགན་ཁུར་བ་ཨང་དང་པོའི”བཀའ་མོལ་ཚིག་རེ་རེ་ལས་ཆ་འཕྲིན་གལ་ཆེན་བརྒྱུད་སྤྲོད་ཐུབ་པར་བརྟེན་འབྲེལ་ལམ་དེ་སྨྱན་སྦྱོར་ཚན་པས་གལ་ཆེའི་གནས་ཚུལ་ཤེས་རྟོགས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་བྱ་ཡུལ་ཆུང་གྲས་ཤིག་ཏུ་གྱུར་ཡོད།
           ཧོང་ཧྲུའུ་ཤན་གྱི“བཀའ་མོལ་ཚིག་གཉིས”གསུངས་ཟིན་རྗེས་གསར་འགོད་པས“ན་ནིང་རུལ་རྒོལ་ཐད‘བསྐྱར་ཞིབ’བྱེད་པའི་ལས་དོན་ཡང་ཡང་བསྒྲུབས་པ་དང་འདི་ལོ་ཀྲུང་གོས་རུལ་རྒོལ་ཇི་ལྟར་བྱ་རྩིས་ཡོད་དམ”ཞེས་གསར་འགོད་པ་ཞིག་གིས་དྲིས།
          “མ་གཞི་འདས་ཟིན་པའི་ལོ་གཅིག་ནང་གྲུབ་འབྲས་མི་དམན་པ་ཐོབ་མོད། འོན་ཀྱང་རུལ་རྒོལ་གྱི་འཐབ་རྩོད་དུས་བབ་སྔར་བཞིན་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་ཞིག་ཡོད། 2016ལོར་ང་ཚོས་རུལ་རྒོལ་གྱི་ཆོད་སེམས་མི་འགྱུར་བ་དང་། ཤུགས་ཚད་མི་གཅོག་པ། ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་རུལ་རྒོལ་མཐར་ཕྱིན་པ་བྱ་རྒྱུ་རེད”ཅེས་ཧོང་ཧྲུའུ་ཞན་གྱིས་སླར་ཡང“བཀའ་མོལ་ཚིག་གཉིས”གསུངས་པ་རེད།
           གསར་འགོད་པས་པུའུ་ཀྲང་རྗེས་མ་དེ་ཕེབས་སྒུག་ཞུ་རིང་ད་དུང་དུས་ཚོད་དམ་འཛིན་གྱིས་ལག་ནང་གི་པུའུ་དང་ཨུ་ལྷན་ཁག་གི་འགོ་ཁྲིད་ཀྱི་ཚོན་ཁྲ་ཅན་གྱི་འདྲ་པར་ཡང་ཡང་ལྟ་བཞིན་གལ་ཆེའི་མི་སྣ་གཅིག་ཀྱང་མི་ལུས་པ་བྱེད་ཀྱི་ཡོད།
           འཛིན་ལོར་ལས་རིགས་ཚགས་པར་གྱི་གསར་འགོད་པ་ཞིག་གིས་ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གསར་དུ་ལས་འགན་བཞེས་པའི་ཀྲུའུ་ཞི་ལིའུ་ཧྲི་ཡུས་ལ་འབྲེལ་ཡོད་ཐོ་འགོད་ལམ་ལུགས་དང་འཐབ་ཇུས་གསར་དར་རྣམ་པའི་གནད་དོན་བཀའ་འདྲི་ཞུ་རྩིས་ཡོད་པ་དང་། ཞིང་ལས་ཐད་ཀྱི་གསར་འགོད་པ་ཞིག་གིས་ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་པིན་ལ་འབྲེལ་ཡོད་གཞི་གྱིན་འགྱུར་བའི་གནད་དོན་བཀའ་འདྲི་ཞུ་རྩིས་ཡོད་པ། དཔལ་འབྱོར་ཐད་ཀྱི་གསར་འགོད་པ་ཞིག་གིས་ཀྲུང་དབྱང་དངུལ་ཁང་གི་ཧང་ཀྲང་ཀྲོའུ་ཞའོ་ཁྲོན་ལ་འབྲེལ་ཡོད་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་གནད་དོན་བཀའ་འདྲི་ཞུ་རྩིས་ཡོད་པ་ལ་སོགས་རེད།
           ཧོང་ཧྲུའུ་ཤན་དེ་ནས་ཞལ་གྱེས་རྗེས་སྨྱན་སྦྱོར་གྱིས་གཏམ་བཤད་སྟེགས་བུའི་མདུན་དུ་གདན་དྲངས་པའི་པུའུ་ཀྲང་གཉིས་པ་དེ་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་ཡིན་པ་རེད།
          ཡོན་ཀུའེ་རེན་ནི་བཀའ་མོལ་གསུངས་མཁས་པ་ཞིག་ཡོད་ཅིང་། གསར་འགོད་པ་དང་སྐར་མ་བཅུ་གསུམ་ཏག་ཏག་བཀའ་མོལ་གནང་རིང་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་གསོའི་བྱ་གཞག་དང་གྲོང་ཁྱེར་གྱི་སློབ་ཁུལ་དབྱེ་བའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གྲོས་འགོ་གཉིས་གླེང་གནང་བ་རེད།
           ཀྲུང་གོའི་མི་སེར་གྱིས་སེམས་ཁུར་ཆེན་པོ་བྱེད་པའི་སློབ་ཁུལ་དབྱེ་བའི་གནད་དོན་ཐད་ཡོན་ཀུའེ་རེན་གྱིས་སློབ་ཁུལ་དབྱེ་བའི་གནས་ཚུལ་རྙོག་འཛིང་ཆེན་པོ་ཡོད། སློབ་གསོ་པུའུ་ཡིས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ཁྱབ་གདལ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།