འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོས་ཨོ་སི་ཁྲུ་ལི་ཡ་
    ནས་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་29ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོས་ཨོ་སི་ཁྲུ་ལི་ཡ་
ནས་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་25ཉིན་གྱི་སྔ་དྲོ། ཨ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཕཱ་ལ་མ་ཐཱ་གྲོང་ཁྱེར་སྲིད་གཞུང་གིས་སྤེལ་བའི“སྐབས་གཉིས་པའི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ན་གཞོན་གྱི་སྒྱུ་རྩལ་དུས་ཆེན”ཐོག སི་ཁྲོན་འབའ་ཐང་ནས་ཡོང་བའི་བོད་རིགས་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པས་ཐེངས་དང་པོར་གར་སྟེགས་སུ་བུད་དེ་གླུ་གཞས་མཉམ་གཏོང་བྱས་པ་རེད། གླུ་གཞས་མཉམ་ལེན་ཚོགས་པ་འདི་ནི་རང་རྒྱལ་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་ཐོག་མ་དེ་ཡིན་ལ། འདི་ནི་བོད་ཁུལ་ནས་ཐེངས་དང་པོར་རྒྱལ་སྒོའི་ཕྱི་རོལ་དུ་ཕྱིན་ཏེ་ཨོ་སི་ཁྲུ་ལི་ཡའི་བྱིས་པ་ཚོ་དང་གར་སྟེགས་གཅིག་ནས་འཁྲབ་སྟོན་བྱས་པའི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོ་དེ་ཡང་ཡིན་པ་རེད།
         བྱེད་སྒོ་མཇུག་སྒྲིལ་རྗེས། བོད་རིགས་བྱིས་པ་ཚོས་ཨོ་སི་ཁྲུ་ལི་ཡའི་བྱིས་པ་ཚོར་ཁ་བཏགས་བཏང་བ་དང་། ཨོ་སི་ཁྲུ་ལི་ཡའི་བྱིས་པ་ཚོས་ཀྱང་ཁོང་ཚོར་རང་གིས་བཟོས་པའི་ལེགས་སྐྱེས་ཀྱང་ཕུལ་བ་རེད།
    ༄༅།།སི་ཁྲོན་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོས་ཨོ་སི་ཁྲུ་ལི་ཡ་
ནས་འཁྲབ་སྟོན་བྱས་པ།
    ༄༅།།སི་ཁྲོན་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོས་ཨོ་སི་ཁྲུ་ལི་ཡ་
ནས་འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།