འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སུན་ཁྲུན་ལན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་03ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སུན་ཁྲུན་ལན་གྱིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་གྱིས་པེ་ཅིང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།
         སུན་ཁྲུན་ལན་གྱིས་ན་ནིང་ཟླ་6ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་མཇལ་ཞུ་དང་ལེན་གནང་ནས་པཎ་ཆེན་རིམ་པོ་ཆེའི་འཚར་ལོངས་ཐད་རེ་བ་ནན་པོ་བཅོལ་ཡོད། པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ལ་སྲུང་བརྩི་ནན་པོ་ཞུས་ནས་ནང་ཆོས་དང་ཕྱོགས་ཁག་གི་རིག་གནས་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འདུལ་ཁྲིམས་སྲུང་བ། ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་བཅས་གནང་ཁར་ནེ་པ་ལ་དང་རང་རྒྱལ་བོད་ལྗོངས་ས་ཡོམ་གེགས་ཁུལ་ཆེད་སྨོན་ལམ་འཚོགས་པ་དང་། ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ། ཆོས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེན་སྣ་ཚོགས་སྤེལ་བ་ལས་ཕྱོགས་གང་ས་ཅི་ཐད་ལ་གྲུབ་འབྲས་གསར་པ་ཐོབ་སྟེ་བོད་བརྒྱུད་ནང་བསྟན་དང་དད་ལྡན་མང་ཚོགས་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་རྒྱ་ཆེར་ཕྱིན་ཡོད་ཅེས་གསུངས་པ་རེད།
         སུན་ཁྲུན་ལན་གྱིས་པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐུགས་ལ་བརྟན་པོར་བཅངས་བ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་གྱིས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཆེད་ལེགས་སྐྱེས་འབུལ་བ་དང་། ནང་བསྟན་གསུང་རབ་ལ་མུ་མཐུད་དཀའ་སྤྱད་བརྩོན་ཞིབ་བྱེད་པ་དང་ཆོས་ལུགས་མཁྱེན་རྒྱ་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། ཁེངས་སྐྱུངས་གཟབ་ནན་གྱི་སྤྱོད་ཚུལ་མུ་མཐུད་རྒྱུན་འཛིན་གྱིས་མཁས་བཙུན་བཟང་གསུམ་གྱི་རྟོགས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་གཟུགས་བརྙན་བཟང་པོ་མངོན་པ་བཅས་གནང་དགོས་པའི་ཐུགས་རེ་གནང་བ་རེད།
         པཎ་ཆེན་རིན་པོ་ཆེས་སུན་ཁྲུན་ལན་ལ་མཇལ་དར་ཕུལ་ཞིང་། ཁོང་གིས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་ཟབ་མོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་ལས་དོན་ལེགས་པར་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དང་བོད་ལྗོངས་དར་རྒྱས་གོང་འཕེལ་དང་ཞི་མཐུན་བརྟན་ལྷིང་ཡོང་ཆེད་རང་ཉིད་ཀྱིས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།