འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ“སྐར་མ་15ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སུ“སྐར་མ་15ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། འདི་ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་སྡེ་ཁུལ་དུ“སྐར་མ་15ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་རྒྱུ་ཡིན་པ་དང་ཆབས་ཅིག ཆ་རྐྱེན་ལྡན་པའི་གྲོང་ཁུལ་རྙིང་པར་གྲོང་ཁྱེར་སྡེ་ཁུལ་གྱི་ལུས་རྩལ་སྒྲིག་བཀོད་ཆ་ཚང་ཞིག་སྒྲིག་སྦྱོར་བྱ་རྒྱུ་དང་། གསར་སྐྲུན་སྡེ་ཁུལ་དུ་ལུས་རྩལ་སྒྲིག་བཀོད་ཁྱབ་ཚད་100%ཟིན་པ་བྱ་རྒྱུ་རེད།
         དམངས་ཡོངས་ཀྱི་ལུས་སྦྱོང་འཕེལ་རྒྱས་འཆར་འགོད་གཞིར་བཟུང་། བོད་ཀྱིས་2020ལོར་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་རྒྱལ་དམངས་ཀྱི་གཟུགས་པོའི་ཚད་གཞི་ལོན་ཚད་80%ཡན་ཟིན་པ་བྱ་རྒྱུ་དང་། མི་རེར་ཆ་སྙོམས་ལུས་རྩལ་བྱ་ཡུལ་སྨི་ངོས་གྲུ་1.8ཟིན་པ་བྱ་རྒྱུ། མི་700རེར་སྤྱི་ཚོགས་ཀྱི་ལུས་རྩལ་ཁྲིད་སྟོན་པ་རེ་ཡོད་པ་བྱ་རྒྱུ། རྟག་ཏུ་གཟུགས་པོར་སྦྱོར་བརྡར་བྱེད་མཁན་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་30%ཡན་ཟིན་པ་བྱ་རྒྱུ་བཅས་ཡིན་པ་རེད།
    ༄༅།།བོད་ལྗོངས་སུ“སྐར་མ་15ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་རྒྱུ་ཡིན་པ།
    ༄༅།།བོད་ལྗོངས་སུ“སྐར་མ་15ཡི་ལུས་སྦྱོང་བྱ་ཡུལ”བསྐྲུན་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།