འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རིགས་གླུ་གར་འཇར་མན་གྱི་པཱ་ཐེ་ཧོང་པའོ་རུ་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་མི་རིགས་གླུ་གར་འཇར་མན་གྱི་པཱ་ཐེ་ཧོང་པའོ་རུ་འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོའི་བོད་རང་སྐྱོང་ལྗོངས་གཞིས་རྩེ་མི་རིགས་སྒྱུ་རྩལ་ཚོགས་པས་འཇར་མན་གྱི་པཱ་ཐེ་ཧོང་པའོ་གྲོང་ཁྱེར་ལུས་གསོ་ཟློས་གར་ཁང་དུ་ས་གནས་དེ་གའི་ལྟད་མོ་བ་700ཙམ་ལ་ཐུན་མོང་མིན་པའི་ཁྱད་ཆོས་དང་བོད་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་བོད་ཀྱི་ལོ་གསར་གྱི་གླུ་གར་མཚན་ཚོགས་འཁྲབ་སྟོན་བྱས་པ་རེད།
         བོད་རིགས་ཀྱི་ཐུན་མོང་མིན་པའི་ཉམས་འགྱུར་ལྡན་ཞིང་ངོ་མཚར་ཆེ་བའི་ལེ་ཚན་གྱིས་དེ་གར་ཡོད་པའི་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་ཅིང་། གནའ་ཉམས་བབ་ཆགས་ལྡན་པའི་གཞས་ཆེན་《ཐག་རིང་གི་འབོད་སྒྲ་》ཞེས་པ་ནས་་་སྙན་འཇེབས་ལྡན་པའི་སྐྱེས་པའི་རྐྱང་གཞས་《བཀྲ་ཤིས་ལོ་་གསར་》ཞེས་པ་དང་དབྱངས་འགྲོས་ལྡན་པའི་སྟོད་གཞས་《ཁྲ་ཆུང་ལགས་》ཞེས་པའི་བར་གར་སྟེགས་ཐོག་མཐོ་རླབས་འཕྱུར་བ་དང་གར་སྟེགས་ཀྱི་འོག་ནས་དགའ་བསུ་དང་དགའ་འབོད་ཀྱི་སྐད་སྒྲ་བར་མེད་ངང་གྲགས།
         དབྱི་ལོ་ནཱ·ཝུའེ་ནཱ་ནི་འཇར་མན་གྱི་ཁེ་ལས་ཤིག་གི་འགན་འཁུར་བ་ཡིན་ཞིང་། ཁོང་གིས་གསར་འགོད་པར“དེ་རིང་གི་འཁྲབ་སྟོན་དངོས་གནས་ལྟད་མོ་ཆེན་པོ་འདུགང་ཀྲུང་གོ་དང་ལྷག་པར་དུ་ངོ་མཚར་ཆེ་བའི་བོད་དུ་ཡུལ་སྐོར་ལ་འགྲོ་འདོད་ཆེན་པོ་འདུག”ཅེས་བཤད།
         ཧྥ་ལན་ཁེ་ཕུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལེའང་ཅན་ཆོན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་འཁྲབ་སྟོན་གྱི་སྒོ་འཛིན་མཁོ་སྤྲོད་མི་འདང་བ་དེས་འཇར་མན་ལས་རིགས་ཁག་གི་དམངས་ཚོགས་ཚོས་ཀྲུང་གོའི་རིག་གནས་དང་ལྷག་དོན་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤེས་རྟོགས་བྱེད་འདོད་པའི་བསམ་བློ་དང་རེ་བ་མཚོན་ཐུབ། གཞིས་རྩེའི་འཁྲབ་སྟོན་པ་ཚོས་གསོན་ཤུགས་ལྡན་པའི་འཁྲབ་སྟོན་བྱས་པ་དེས།འཇར་མན་གྱི་དམངས་ཚོགས་ཚོར་སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོབ་ཐུབ་པ་དང་། ལོ་རྒྱུས་རྒྱུན་འཛིན་དང་དེང་རབས་ཡར་ཐོན་མཉམ་བསྲེས། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་བ་བཅས་ཀྱི་བོད་ལྗོངས་ཤིག་ཚོར་ཐུབ་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།