འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་མཐོ་སྒང་དུ་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་གངས་ཤུད་ར་བ་བསྐྲུན་རྒྱུའི་འཆར་འགོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་གངས་འཁྱགས་ལུས་རྩལ་ཚ་ཚ་འུར་འུར་སྤེལ་བཞིན་པ་དང་བསྟུན་བོད་ལྗོངས་ལུས་རྩལ་སྡེ་ཁག་གིས་ལྷ་ས་རུ་རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་གངས་ཤུད་ར་བ་ཞིག་བསྐྲུན་རྒྱུའི་འཆར་འགོད་བྱེད་བཞིན་ཡོད་པ་རེད། 
         ཟླ་2ཚེས་16ཉིན་རི་འཛེགས་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་མཚོ་བོད་མཐོ་སྒང་གི་ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡིན་པ་དང་གངས་འཁྱགས་ལུས་རྩལ་སྤེལ་བར་དམིགས་བསལ་གྱི་མཐུན་རྐྱེན་དང་ཁོར་ཡུག་ཡོད་ལ། གངས་འཁྱགས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་མྱོང་ཚོར་ཐུན་མོང་མ་ཡིན་པ་སྟེར་ཐུབ་པས་བོད་ལྗོངས་ཀྱི་གངས་འཁྱགས་ལུས་རྩལ་ལ་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད་ངེས་རེད་ཅེས་གསུངས་པ་རེད།
         གཞན་ཡང་བོད་ལྗོངས་ཀྱི་ལུས་རྩལ་སྡེ་ཁག་གིས་ཧེ་ལུང་ཅང་ཞིང་ཆེན་གྱི་ལུས་རྩལ་ཅུས་དང་གྲོས་མཐུན་བཞག་ནས་ཧེ་ལུང་ཅང་ཞིང་ཆེན་གྱིས་བོད་སྐྱོར་གྱི་རྣམ་པའི་ཐོག་ནས་བོད་ལྗོངས་ཀྱི་གངས་ཤུད་ལུས་རྩལ་པ་གསོ་སྐྱོང་བྱས་ཏེ་བོད་ལྗོངས་ཀྱི་གངས་འཁྱགས་ལུས་རྩལ་ཤེས་ལྡན་མི་སྣ་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཉི་མ་ཚེ་རིང་གིས་“ང་ཚོས་2022ལོའི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཐོག་བོད་ལྗོངས་ཀྱི་གངས་འཁྱགས་ལུས་རྩལ་པའི་ཉམས་འགྱུར་མཐོང་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།