འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་དཔུང་དང་ས་གནས་ཀྱི་གནད་སྨིན་སྨན་བཅོས་དབུལ་སྐྱོར་གྱིས་བོད་རིགས་ས་ཁུལ་གྱི་
    བཅོས་དཀའ་བའི་ཐུམ་འབུའི་ནད་ཕོག་མཁན་ལ་སྨན་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་བཅིངས་འགྲོལ་དམག་སྨན་ཁང་ཨང་30པས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པའི་གནད་སྨིན་སྨན་བཅོས་ཀྱི་དབུལ་སྐྱོར་བྱེད་སྒོས་མིག་སྔར་མཚོ་སྔོན་དང་བོད་ཀྱི་བཅོས་དཀའ་བའི་ཐུམ་འབུའི་ནད་ཚབས་ཆེན་ཕོག་མཁན་15ལ་སྨན་བཅོས་བྱས་པ་རེད། སྨན་དོན་མི་སྣས་ཉིན་20ལྷག་ཙམ་གྱི་སྨན་བཅོས་ཞིབ་ཚགས་བྱས་པ་བརྒྱུད་དཔྱིད་གསར་དུས་ཆེན་གོང་དུ་ནད་པ་5དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད།
         བརྟག་དཔྱད་འབྲས་བུ་ལས་མངོན་པར་གཞིགས་ན། ཐུམ་འབུའི་ནད་ནི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྣམས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་རེད། 2015ལོའི་ཟླ་10པར་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས“བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་ཐུམ་འབུའི་ནད་ཕོག་མཁན་ལ་རོགས་སྐྱོབ་བྱེད་པའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་དང་སྨན་ཁང་302དེ་གཅེས་སེམས་སྨན་ཁང་དང་པོ་ཡིན་པའི་ཆ་ནས་བཅོས་དཀའ་བའི་ནད་ཚབས་ཆེན་ཕོག་མཁན་ལ་སྨན་བཅོས་བྱས་ཡོད་པ་རེད།
         སྨན་ཁང་302ཀྱི་ཡོན་ཀྲང་ཅིས་ཅུན་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་དེས་མཆིན་པ་དང་། མཁྲིས་པ། ཚད་བརྒལ་སྒྲ འགྱེད་འཕྲོ་སོགས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་གཞིས་རྩེའི་ས་དགའ་རྫོང་དང་མཚོ་སྔོན་ཡུལ་ཤུལ་གྱི་ཁྲི་འདུ་རྫོང་དུ་བསྐྱོད་ནས་མཐོ་གྲང་གསོ་རླུང་དཀོན་པ་སོགས་ཀྱི་ས་མཐོར་མི་འཕྲོད་པའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཉིན་10ལྷག་ཙམ་གྱི་དུས་ཚོད་ནང་ལམ་ཐག་སྤྱི་ལེ་ཁྲི་གཅིག་ལྷག་ཙམ་བསྐྱོད་ནས་གཙོ་གནད་ཐོག་ཐུམ་འབུའི་ནད་མི་མངོན་པའི་ནད་པ་600ལྷག་ཙམ་འཐེན་བཤེར་དང་མི་གྲངས་232ལ་ནད་གཞི་ཕོག་པའི་གཏན་འཁེལ་བྱས་པ་དང་དེའི་ནང་གཤག་བཅོས་བྱས་རྗེས་ནད་ལོག་རྒྱག་མཁན་74ཐོན་ཡོད། 2015ལོའི་ཟླ་12ཚེས་24ཉིན་ནས་བཟུང་སྨན་ཁང་གིས་ཁག་གཉིས་ཀྱི་བཅོས་དཀའ་བའི་ཐུམ་འབུའི་ནད་ཚབས་ཆེན་ཕོག་མཁན་15ཉར་ནས་སྨན་བཅོས་བྱས་པ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།