འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཆེན་གོང་མེ་འཁོར་སྤ་སེ་སློག་མང་ཤོས་ཀྱི་དུས་སུ་སླེབས་པས་སྤ་སེ་ཉོ་རྒྱུར་ལུས་པའི་
    འགྲུལ་པས་སྐབས་བསྟུན་གྱིས་ལྷག་འཕྲོའི་སྤ་སེ་ཉོ་ཆོག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧྲང་ཧའེ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་སླེབས་ཉེའི་སྐབས་དེར་ཧྲང་ཧའེ་ལྕགས་ལམ་ཅུས་སུ་ཉིན་ལྟར་སྤ་སེ་སློག་མཁན་མང་དུ་ཕྱིན་ནས་ཉིན་རེར་ཆ་སྙོམས་སྤ་སེ་ཁྲི་20ལྷག་ཙམ་སློག་གི་ཡོད་པ་རེད། མེ་འཁོར་མ་བཏང་གོང་གི་ཉིན་15ཡི(ཉིན་15ཚུད་མེད)གོང་དུ་སྤ་སེ་སློག་པར་སྤ་སེ་སློག་པའི་རིན་པ་མི་བསྡུ་རྒྱུའི་གཏན་འབེབས་ལ་གཞིགས་ན། དུས་ཆེན་གོང་འགྲོ་འོང་བྱེད་མང་ཤོས་ཡིན་པའི་ཟླ་2ཚེས་4དང་། ཚེས་5 ཚེས་6བཅས་ཉིན་གྱི་འགྲུལ་པའི་ལག་ནང་ལྷག་འཕྲོར་ལུས་པའི་མེ་འཁོར་སྤ་སེ་ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་སློག་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བསློགས་པའི་སྤ་སེ་དུས་ཐོག་ཏུ་སྤ་སེ་ཚོང་མཛོད་ནང་བཅུག་ནས་ལྕགས་ལམ་འགྲུལ་པའི་ཞབས་ཞུའི་ལྟེ་གནས་ཀྱི་དྲ་ཚིགས་12306ཐོག་ཕྱིར་ཚོང་བྱ་རྒྱུ་དང་ཉིན་ལྟར་དགོང་མོའི་ཆུ་ཚོད་བཅུ་པ་ནས་བཅུ་གཅིག་བར་དང་ཞོགས་པའི་ཆུ་ཚོད་བདུན་པ་ནས་བརྒྱད་པ་བར་ནི་སྤ་སེ་ཉོ་བདེ་ཤོས་ཀྱི་དུས་ཡིན་ལ་སྤ་སེ་ཉོ་མ་ཐུབ་པའི་འགྲུལ་པས་ལྷག་འཕྲོར་ལུས་པའི་སྤ་སེ་ཉོ་བའི་དུས་ཚོད་ཡག་ཤོས་ཀྱང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།