འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་26ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་40ཡིན་པའི་2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་དེ་ཟླ་1ཚེས་24ཉིན་ནས་དངོས་སུ་སྤེལ་འགོ་ཚུགས་ཤིང་། སྔོན་རྩིས་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་130སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་ཆ་སྙོམས་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3.25ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་5.85%འཕར་རྒྱུ་ཡིན་པའི་ནང་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྔོན་རྩིས་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་15སྐྱེལ་འདྲེན་བྱས་ནས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་པའི་གྲངས་གཞི་ཁག་ཚང་མ་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ་1ཚེས་24ཉིན་ནས་ཟླ་3ཚེས་3ཉིན་བར་བསྡོམས་དུས་ཡུན་ཉིན་40ཡིན་པ་དེ་དཔྱིད་གསར་དུས་ཆེན་གོང་གི་ཉིན་15དང་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་25བར་ཡིན་པ་རེད། འགྲུལ་རྒྱུན་གཙོ་བོ་པེ་ཅིང་དང་། ཁྲེང་ཏུའུ། ཧྲང་ཧའེ། ཀོང་ཀྲོའུ་སོགས་ས་ཆ་ཡིན་པ་དང་། དུས་ཆེན་གོང་གི་དཔྱིད་གསར་སྐྱེལ་འདྲེན་དེ་སློབ་མ་དང་། གླ་པ། གཉེན་འཕྲད་བྱེད་མཁན་སོགས་ཀྱི་འགྲུལ་པ་ཡིན་པ་དང་དུས་ཆེན་རྗེས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ནི་སློབ་མ་སློབ་གྲྭར་ཕྱིར་ལོག་བྱེད་མཁན་གཙོ་བོ་ཡིན་པ་མ་ཟད་གཉེན་འཕྲད་བྱེད་མཁན་དང་གླ་པ་སོགས་འགྲོ་འོང་ཆེ་བར་གཡོལ་གྱི་ཡོད་པས་སྔོན་རྩིས་ལྟར་ན་དཔྱིད་གསར་དུས་ཆེན་རྗེས་ཀྱི་དཔྱིད་གསར་སྐྱེལ་འདྲེན་བལྟོས་བཅས་ཀྱིས་ཞི་ལྷོད་དུ་འགྲོ་རྒྱུ་ཡིན་པ་དང་རྗེས་མཐུད་དུ་ཅུང་མང་དུ་འགྲོ་རྒྱུ་རེད།
    ༄༅།།2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་སྤེལ་འགོ་ཚུགས་པ།
    ༄༅།།2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་སྤེལ་འགོ་ཚུགས་པ།
    ༄༅།།2016ལོའི་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།