འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཚེས་24ཉིན་ནས་བྱེད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་དུས་ཡུན་ཉིན་40ཡིན་པའི་2016ལོའི་ལྕགས་ལམ་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་བྱེད་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་2016ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.32ཟིན་ནས་དུས་མཚུངས་ལས་མི་ཐེངས་ཁྲི་3755འཕར་ཏེ་འཕར་ཚད་12.7%ཟིན་རྒྱུ་རེད། ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་སྐྱེལ་འདྲེན་བྱེད་ཤུགས་གཉིས་ཀའི་ཆ་ནས་ཟིན་ཐོ་གསར་པ་གཏོད་རེ་ཡོད། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་སྔོན་རྩིས་བརྒྱབ་ན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ལས་བརྒལ་རྒྱུ་དང་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་342མང་དུ་གཏོང་རྒྱུ་རེད། 
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་དཔྱིད་གསར་སྐྱེལ་འདྲེན་འགྲུལ་རྒྱུན་ཐད“དུས་ཆེན་གོང་དུ་བལྟོས་བཅས་ཀྱིས་གཅིག་སྡུད་དང་། དུས་ཆེན་རྗེས་སུ་བལྟོས་བཅས་ཀྱིས་སྙོམས་པའི”ཁྱད་ཆོས་མངོན་རྒྱུ་རེད། དུས་ཆེན་གོང་དུ་སློབ་མ་དང་། ལས་མི། གཉེན་ཉེར་ལྟ་མཁན་སོགས་ཧ་ཅང་མང་པོ་ཡོད་རྐྱེན་དུས་ཆེན་གོང་གི་འགྲུལ་པ་མང་ཤོས་ཀྱི་དུས་སྔ་སྣུར་དུ་འཆར་རྒྱུ་དང་། སྔོན་རྩིས་བརྒྱབ་ན་དཔྱིད་གསར་སྐྱེལ་འདྲེན་དུས་སུ་སླེབས་རྗེས་འགྲུལ་པའི་གྲངས་འབོར་འཕྲལ་དུ་མང་དུ་འགྲོ་རྒྱུ་རེད། དུས་ཆེན་རྗེས་སུ་སློབ་མ་སློབ་གྲྭར་བསྐྱར་ལོག་བྱེད་པའི་དུས་སྐབས་དེ་ལུགས་རྙིང་གི་ཟླ་དང་པོའི་ཚེས་བཅུའི་རྗེས་སུ་འཁེལ་སྟབས་གཉེན་ཉེར་ལྟ་བར་འགྲོ་མཁན་དང་ལྷོ་ཕྱོགས་སུ་ལས་ཀར་སྐྱོད་མཁན་ཁག་དང་པོ་དང་གཡོལ་ཐུབ་ཀྱང་། དུས་ཆེན་རྗེས་ཀྱི་འགྲུལ་པ་མང་ཤོས་ཀྱི་དུས་སྐབས་གཉིས་པ་དང་ཏག་ཏག་འཁེལ་བས་སྔོན་དཔག་བྱས་ན་2016ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་ཀྱི་འགྲུལ་རྒྱུན་དེ་མཚུངས་ཀྱིས་སྙོམས་པོ་ཡོང་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།