འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་གསར་པའི་ལེ་ལག་
    ཚང་བའི་བྱེད་ཐབས་སྤྱོད་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཁོར་ཡུག་སྲུང་སྐྱོང་པུས་ཉེ་ཆར་2015ལོའི་ཟླ་11པར་ས་ཁུལ་ཁག་གི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》ཀྱི་ལེ་ལག་ཚང་བའི་བྱེད་ཐབས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་མཉམ་འགུལ་ཐོག་ལག་བསྟར་བྱེད་ཚུལ་བརྡ་ཁྱབ་བཏང་བ་རེད། ཟླ་11པར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཉིན་ལ་གཞིགས་ནས་བསྟུད་མར་ཆད་གཅོད་བྱས་པའི་གྱོད་གཞི་ཁག་90ཟིན་པར་དངུལ་ཆད་གཏོང་ཚད་སྒོར་ཁྲི་6452.03ཟིན་པ་དང་། སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱས་པའི་གྱོད་གཞི་ཁག་538ཟིན་པ། ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་བཅུག་པའི་གྱོད་གཞི་386ཟིན་པ། སྲིད་འཛིན་བཀག་ཉར་བྱ་རྒྱུར་བསྐྱལ་བའི་གྱོད་གཞི་269ཟིན་པ། ཁོར་ཡུག་སྦགས་བཙོག་གི་ཉེས་ཟོག་དོགས་ཅན་གྱི་གྱོད་གཞི་241ཟིན་པ་བཅས་རེད།
         ཟླ་10པའི་གནས་ཚུལ་དང་བསྡུར་ན། ཟླ་11པར་གྱོད་གཞི་སྣ་ཚོགས་ཀྱི་གྲངས་ཚད་ཤུགས་ཆེན་འཕར་བའི་ཁྲོད་ཉིན་ལ་གཞིགས་ནས་ཆད་གཅོད་ཀྱི་གྱོད་གཞིའི་གྲངས་ཚད་34%འཕར་བ་དང་། སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱས་པའི་གྱོད་གཞིའི་གྲངས་ཚད་23%འཕར་བ། ཐོན་སྐྱེད་ཚོད་འཛིན་དང་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་བཅུག་པའི་གྱོད་གཞིའི་གྲངས་ཚད་38%འཕར་བ་། བཀག་ཉར་བྱ་རྒྱུར་སྐྱེལ་བའི་གྱོད་གཞིའི་གྲངས་ཚད་58%འཕར་བ། ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་དོགས་ཅན་གྱི་གྱོད་གཞིའི་གྲངས་ཚད་130%འཕར་བ་བཅས་རེད།
         ཁོར་ཡུག་སྲུང་སྐྱོང་པུའུ་ཁོར་ཡུག་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཙོའུ་ཧྲོའུ་མིང་གིས་2015ལོའི་ཟླ་1ནས་ཟླ་11བར་རྒྱལ་ཡོངས་ཀྱི་ས་ཆ་མང་ཆེ་བས་《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》ཀྱི་ལེ་ལག་ཚང་བའི་བྱེད་ཐབས་ཁག་4བེད་སྤྱོད་ཧུར་ཐག་བཏང་ནས་ཁོར་ཡུག་གི་ཁྲིམས་འགལ་གྱོད་གཞི་ཐག་གཅོད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།