འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལྷ་སའི་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་27ཉིན། 08:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ལྷ་སའི་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་མཚོ་བོད་ལྕགས་ལམ་མེ་འཁོར་ཀུང་སིས“དཔྱིད་གསར་སྐྱེལ་འདྲེན་ཉིན་དང་པོར་དྲོ་སྐྱིད་ལྡན་པའི་ངང་ཕ་ཡུལ་ལ་ཕྱིར་ལོག་རྒྱུ”བརྗོད་བྱ་གཙོ་བོར་བཟུང་ནས་ལྷ་སའི་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་བསུས་ལ། འདི་ལོ་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་དུས་ཚོད་དང་འཁེལ་བས། བྱེད་སྒོ་དེ་སྤེལ་ནས་འགྲུལ་པར་བདེ་བགྲོད་ཐོགས་མེད་ལམ་འཛུགས་པ་དང་། དཔྱིད་གསར་དུས་ཆེན་མཉམ་དུ་དགའ་གཏོང་། འཁྲབ་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་ཐོག་ནས་འགྲུལ་པ་ཕྱིར་སྐྱོད་སྐབས་ལོ་གསར་འཆར་ཉེའི་རྣམ་པ་ཟབ་མོ་ཞིག་ཚོར་བར་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། མཚོ་བོད་ལྕགས་ལམ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་130སྐྱེལ་འདྲེན་དང་ཉིན་རེར་ཆ་སྙོམས་མི་ཁྲི་3.25ཟིན་བཟོ་ཡོད་པ་དེ་དུས་མཚུངས་ལས་5.8%མང་དུ་སོང་བ་དང་། བོད་ནས་འགྲུལ་པ་ཁྲི་21སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་6.4%འཕར་རྒྱུའི་ནང་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་ཁྲི་15སྐྱེལ་འདྲེན་བྱ་ཐུབ་བཟོ་ཡོད་པ་བཅས་འགྲུལ་པ་སྐྱེལ་འདྲེན་གྱི་གྲངས་གཞི་ཚང་མ་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ལོ་རྒྱུས་ཐོག་གི་མཐོ་ཤོས་གཏོད་རེ་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི་ལྷ་སའི་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།