འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་དང་མངའ་རིས་ཀྱིས་ས་ཁོངས་ཀྱི་ཡུལ་སྐོར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་
    མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།  བོད་ལྗོངས་ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱིས་ས་ཁོངས་ཀྱི་ཡུལ་སྐོར་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་སུ་འཚོཌཔ་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་དང་མངའ་རིས་ས་ཁུལ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ས་གནས་ས་ཐོག་ཏུ་《ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་ས་ཁོངས་ཡུལ་སྐོར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་མངོན་ཡོད་ལ་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ“རྒྱུད་གཅིག་ལམ་གཅིག”དང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་འཐབ་ཇུས་གལ་ཆེན་ཞིག་དེ་བས་ཡིན་པ་མཚོན་ཐུབ།
         མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཝུའུ་ཡ་སུང་གིས“ལྷ་ས་གྲོང་ཁྱེར་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་ལ་བོད་ཡོངས་ཀྱི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་གལ་ཆེན་ཞིག་ཀྱང་རེད། མངའ་རིས་ས་ཁུལ་འདི་ཉིད་ཤིན་ཅང་ནས་བོད་དུ་ཡོང་སའི་ས་ཚིགས་དང་པོ་དེ་ཡིན་པའི་ངོས་ནས་བོད་དང་ཤིན་ཅང་གི་ཡུལ་སྐོར་ལམ་ཐིག་ཆེ་མོ་འབྲེལ་མཐུད་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ས་གནས་དེ་གཉིས་ཀྱི་རང་བྱུང་མཛེས་ལྗོངས་ལེགས་ལ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལའང་དམིགས་བསལ་ཁྱད་ཆོས་ལྡན་ནས་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་སྣུར་བསྲིང་རང་བཞིན་དང་ཡུལ་སྐོར་ཐོན་ཁུངས་གསབ་རེས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད།
         གྲོས་མཐུན་གྱི་ནང་དོན་གཞིར་བཟུང་། སླད་ཕྱིན་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱིས་རྒྱལ་ལམ་318དང་219ལམ་རྒྱུད་ཀྱི་ཡུལ་སྐོར་བགྲོད་ལམ་དང་དེ་བཞིན་ལམ་ཐིག་ལ་དམིགས་ནས་ས་གནས་གཉིས་པོའི་ཡུལ་སྐོར་མཉམ་འབྲེལ་སྒྲིག་གཞི་བཙུགས་ཏེ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཐུན་མོང་ཐོག་ས་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་བྱེད་པ་དང་ཐུན་མོང་ཐོག་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་པོས་ས་གནས་གཉིས་པོས་གཉེར་བའི་འབྲེལ་ཡོད་ཡུལ་སྐོར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ཡུལ་སྐོར་ཁྲོམ་རའི་བྲིན་ཚོང་ལ་སྐུལ་མ་གཏོང་རྒྱུ། ཐུན་མོང་ཐོག་ཡུལ་སྐོར་ཁྲོམ་ར་རྒྱ་སྐྱེད་བཏང་སྟེ་ཡུལ་སྐོར་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་གཉིས་པོའི་ཡུལ་སྐོར་ཐོན་རྫས་དང་། ཡུལ་སྐོར་ལམ་ཐིག དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་འོས་སྦྱོར་སོགས་འབྲེལ་ཡོད་ཆ་འཕྲིན་དུས་བསྟུན་ཁྱབ་བསྒྲགས་བྱ་རྒྱུ། ས་གནས་གཉིས་པོའི་ཡུལ་སྐོར་ཅུས་ཀྱིས་ཕུགས་ཕན་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཐུན་མོང་ཐོག་ཕྱོགས་གཉིས་པོའི་ཡུལ་སྐོར་ཐོན་ཁུངས་རྒྱུས་མངའ་ལོན་པ་བྱས་ཏེ་ཡུལ་སྐོར་བ་ཚོར་དེ་བས་ཆ་ཚང་གི་ས་ཁོངས་སྒྲོལ་བའི་ཡུལ་སྐོར་བློ་འདྲིའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།