འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝེ་ཧོང་ལ་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་ཡོད་པས་
    མིག་སྔར་རང་ནོངས་བསམ་ཞིབ་བྱེད་ཀྱི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཝེ་ཧོང་(魏宏)
    ཝེ་ཧོང་(魏宏)
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་15ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་གསར་འགྱུར་ཁྱབ་བསྒྲགས་ཀྱི་ཚོགས་འདུ་བསྡུས། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཝུའུ་ཡུས་ལིང་དང་། ལྟ་ཞིབ་པུའུ་ཡི་པུའུ་ཀྲང་ཞའོ་ཕིན། ཀྲུང་དབྱང་སྒྲིག་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཁྲེང་ཞའོ་ཅང་། རྒྱལ་ཁབ་ཀྱི་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་སྤྱིའི་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ལིའུ་ཅན་ཁྲའོ། ཀྲུང་དབྱང་སྒྲིག་ཨུད་ཀྱི་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རེན་ལའོ་ཏོང་ཁྲན་བཅས་ཀྱིས་ཚོགས་འདུ་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡོངས་བསྒྲགས་དང་སྒྲོག་འགྲེལ་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།
         སྨྱན་སྦྱོར་གསར་འགོད་པ་ཞིག་གིས་ཉེ་ཆར་དྲ་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་ཝེ་ཧོང་(魏宏)ལ་འབྲེལ་ཆད་བྱུང་བའི་གནས་ཚུལ་འདུག་ཅེས་བསྐུར་བཞིན་གདའ། འབྲིང་རིམ་དོ་དམ་ལས་བྱེད་པ་ཞིག་ཡིན་པའི་ཁོ་དེ་ལྟར་འབྲེལ་ཆད་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་ནམ་ཞེས་དྲིས་པ་ལ།
         ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཝུའུ་ཡུས་ལིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་བཟུང་། ལྐོག་གྱུར་ཅན་གྱི་བྱ་བ་བསྒྲུབ་ཕྱོགས་དེ་བསྒྱུར་ཏེ་ཕྱི་གསལ་ནང་གསལ་གྱི་བྱ་བ་བསྒྲུབ་ཕྱོགས་ཤིག་རྒྱུན་འཛིན་བྱས་ཡོད་ལ། འདུ་ཤེས་ཆེན་པོ་ལྔ་ཡི་ཐོག་མ་ནི་ཀུན་གསལ་བྱ་རྒྱུ་དེ་ཡིན། ངས་འདི་ནས་ལྷག་བསམ་ཟོལ་མེད་ཀྱི་བཤད་ན། བློ་མཐུན་ཝེ་ཧོང་ལ་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་ཡོད་པས། མིག་སྔར་རང་ནོངས་བསམ་ཞིབ་བྱེད་ཀྱི་ཡོད་པ་དང་། རྗེས་མར་སྒྲིག་འགལ་གྱི་གནད་དོན་ལ་གཞིགས་ནས་དེ་བསྟུན་གྱི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།