འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་10ཙམ་ཤི་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧོ་ནན་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་10ཙམ་ཤི་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་14ཉིན་གྱི་སྔ་དྲོའི་དུས་ཚོད་10དང་སྐར་མ་48ཀྱི་ཡས་མས་སུ། ཧོ་ནན་ཞིང་ཆེན་ཐུང་ཞུས་རྫོང་ཁྲང་ཀྲི་གྲོང་རྡལ་དུ་ཤོག་སྦག་འབར་གས་ཀྱི་དོན་རྐྱེན་ཞིག་བྱུང་བ་རེད།  གསར་འགོད་པས་ཐུང་ཞུས་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་དེའི་ཆུ་ཚོད་19:00བར་དུ་འབར་གས་དོན་རྐྱེན་གྱི་ཁྲོད་ཤི་བའི་མི་གྲངས་10ལ་འཕར་ཡོད་པ་དང་། མི་7སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་ལ། དེའི་ནང་གི་མི་5ལ་རྨས་སྐྱོན་ཚབ་ཆེན་ཐེབས་ཡོད་པ་དང་མི་2ལ་རྨས་སྐྱོན་ཡང་མོ་ཐེབས་ཡོད་པ་རེད། ཐུང་ཞུས་རྫོང་གིས་འཕྲལ་བསྟུན་བྱ་ཐབས་སྤྱད་དེ་དོན་རྐྱེན་དེའི་འགན་འཁྲི་ཡོད་མཁན་ཁྲིམས་ལྟར་ཚོད་འཛིན་བྱས་པ་དང་། འབར་གས་དོན་རྐྱེན་གྱི་འབྱུང་རྐྱེན་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
    ༄༅།།ཧོ་ནན་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་10ཙམ་ཤི་བ།
    ༄༅།།ཧོ་ནན་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་10ཙམ་ཤི་བ།
    ༄༅།།ཧོ་ནན་གྱི་ཤོག་སྦག་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་10ཙམ་ཤི་བ།
      

    ཕྱོགས་བསྡུས་གསར་འགྱུར།