འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་བསྟན་གྱི་དགོན་སྡེ་33652ཀྱི་གཞི་རྩའི་བརྡ་འཕྲིན་ཡོངས་བསྒྲགས་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་15ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནང་བསྟན་དགོན་སྡེ་དང་ཏའོ་ཅའོ་ལྷ་ཁང་སོགས་སུ་འགན་གཙང་གཉེར་སྐྱོང་དང་། ཞལ་འདེབས་སྒམ་ཆུང་གང་སར་འཇོག་པ། ཆོས་ལུགས་ཀྱི་མི་སྣ་རྫུན་མས་བརྔན་པ་ལེན་པ་བཅས་ཀྱི་གནས་ཚུལ་བྱུང་བ་སོགས་ལ་གཞིགས་ཏེ་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཝང་ཙའོ་ཨན་གྱིས་2016ལོའི་ཟླ་1ཚེས་14ཉིན་གྱི་རྒྱལ་ཡོངས་ཆོས་ལུགས་ཅུས་ཀྲང་གི་གྲོས་ཚོགས་ཐོག་ནས་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་2015ལོ་ནས་བཟུང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་ཤུགས་སྣོན་བྱས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཅིག་གྱུར་གྱི"མཚོན་བྱང"འགེལ་བ། ཆོས་ལུགས་སྤེལ་ཡུལ་གྱི་གྲངས་གཞི་མཛོད་བསྐྲུན་ནས་དྲ་ཐོག་འཚོལ་བདེ་བར་བྱས་པ། ཆོས་ལུགས་མི་སྣའི་དོ་དམ་ཚད་ལྡན་རང་བཞིན་དུ་བཅས་པ་སོགས་ཀྱི་བྱ་ཐབས་སྤེལ་ནས་མང་ཚོགས་ལ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་བདེན་རྫུན་འབྱེད་རོགས་བྱས་པ་རེད།
         རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་ད་དུང་ནང་བསྟན་དང་ཏའོ་ཅའོ་ཡི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་བརྡ་འཕྲིན་སྤྱི་བསྒྲགས་བྱས་པ་སྟེ། 2015ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་31གི་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་གཞི་རྩའི་བརྡ་འཕྲིན་སྤྱི་བསྒྲགས་ཀྱི་ལས་དོན་བསྒྲུབ་ཚར་བ་དང་། དེའི་ཁྲོད་དུ་ནང་བསྟན་གྱི་དགོན་སྡེ་33652དང་ཏའོ་ཅའོ་ཡི་ལྷ་ཁང་8269ཙམ་ཡོད་པས། དད་ལྡན་མང་ཚོགས་དང་ཡུལ་སྐོར་བ་ཚོར་བདེན་རྫུན་གྱི་དབྱེ་བ་འབྱེད་སླ་བར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།