འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ས་ཆ་གཞན་དུ་གནས་སྤོ་བྱེད་པའི་བྱ་ཐབས་ལ་བརྟེན་ནས་ས་ཁུལ་དབུལ་
    པོ་མེད་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་29ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ནི་སི་ཁྲོན་དང་ཡུན་ནན་ནས་བོད་དུ་ཡོང་སའི་རྒྱལ་སྒོ་ཡིན། རྫ་ཆུ་དང་ངོམས་ཆུ་འདྲེས་ནས་ལང་ལོང་དུ་རྒྱུག་བཞིན་མཆིས།ཆབ་མདོའི་ཤར་རྒྱུད་དུ་གནས་པའི་གོ་འཇོ་རྫོང་དེ་འབྲི་ཆུའི་རྒྱུད་དུ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ས་ངན”ཁུལ་ཆགས་ཡོད།
          “ས་ངན”གྱི་ཁུལ་དེ་ནི་དཔེ་མཚོན་གྱི་འཚོ་གནས་ཁག་པའི་དཀའ་ཚེགས་ཆེ་བའི་གནས་ཤིག་ཡིན་པ་དང་། ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཙམ་དང་།ཆར་ཆུ་བབས་ཚད་ཧོ་སྨི་400ཙམ།རི་ལྡེབས་སུ་ཡོད་པའི་རྨོ་ཞིང་80%མང་ཆེ་བ་ཐོན་འབབ་དམའ་བའི་ས་ཞིང་ཡིན་པས།“ཆུ་བོ་གཙང་པོར་རྒྱུག་པ་དང་། མི་རྣམས་རི་སྟེང་དུ་འཚོ་བ།རྨོ་ཞིང་རི་སྐེད་དུ་ཆགས་པ།ཕྱུགས་ཟོག་རི་སྟེང་དུ་འཚོ་བ།ལོ་གཅིག་དཀའ་ལས་བརྒྱབ་ཀྱང་།ལོ་ལེགས་ཉིན་མོའི་སྐར་མ་ལྟར”བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད།
         ས་གནས་དེའི་ཤང་གི་ལས་བྱེད་པས་ངོ་སྤྲོད་བྱས་པར་གཞིགས་ན།སྤྱི་ཚོགས་རྙིང་པར“ས་ངན”ཁུལ་དུ་གོས་རྩབ་ཧྲལ་གྱོན་པའི་ཞིང་འབྲོག་མང་ཚོགས་ཚོས་ལག་ཏུ་གདོད་མའི་ངལ་རྩོལ་ཡོ་བྱད་འཁྱེར་ཏེ། ཞིང་ནང་དུ་ངལ་རྩོལ་བྱེད་པའི་རྣམ་པ་དེ་གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་རྣམ་པ་ལྟར་ཡོད་ལ།མཚན་མོར་སྐྱོར་བསྐོངས་པའི་ཁང་པའི་ནང་པང་ལེབ་བཏིངས་ནས་ཉལ་གྱི་ཡོད་པ་དང་།གྲང་ངར་ཆེ་བའི་དགུན་དུས་སུའང།ལ་ལར་ཉལ་ཆས་ཀྱང་མེད་པར།རང་ལུས་ཐོག་གི་ཕྱུ་པ་ཕུད་ནས་མལ་ཆས་སུ་བྱས་ཏེ་དྲོད་ཁུག་ཐབས་བྱེད་ཀྱི་ཡོད།
          ཞི་བས་བཅིངས་འགྲོལ་བཏང་རྗེས།ཆབ་མདོའི་འགྲོ་ལམ་ཇེ་ཡངས་ཇེ་རིང་དུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་དེ་བས་མང་པོ་ཞིག“ས་ངན”ཁུལ་ནས་ཐོན་ཏེ།སྲིད་གཞུང་གི་རོགས་རམ་འོག་བྱ་གཞག་སྒྲུབ་འདོད་པའི་ཞིང་འབྲོག་པ་ཁག་གཅིག་མིག་རྒྱང་རིང་དུ་ཕྱིན་པ་དང་ཆབས་ཅིག་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཡོད།“ས་ངན”ནས་དོན་པའི་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་ཀྱང་།དེའི་ཞིང་འབྲོག་མང་ཚོགས་ལ་སྔར་བཞིན་གནས་དེའི་ཆ་རྐྱེན་དཀའ་ཚེགས་ཆེ་བའི་འཇིག་པའི་ཉེན་ཁ་འཕྲད་བཞིན་ཡོད།
          དུས་རབས་དེའི་དུས་འགོར། གོ་འཇོ་རྫོང་ཁེར་རི་དང་། གླང་སྨད། བྱང་གསུམ། མིག་མདོ། གསེར་གདོང་། འབུམ་སྐྱེས་བཅས་ཤང་དྲུག་གི་ཞིང་འབྲོག་མང་ཚོགས་སྟོང་ལ་ཉེ་བ་ཞིག་ཉིང་ཁྲིའི་བཀོད་སྒྲིག་ས་ཚིགས་བཞིར་སྤོས་ཤིང་། ཉིང་ཁྲི་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་སྲིད་འཛིན་ཀུང་ཧྲུའུ་ཡིས་གནས་སྤོས་མང་ཚོགས་ལ་ཆུ་དང་། གློག ལམ། རླུང་འཕྲིན་བརྙན་འཕྲིན་བཅས་ཐག་གཅོད་བྱས་པ་དང་ཆབས་ཅིག་དུད་ཚང་རེར་རྨོ་ཞིང་དང་། བརྔ་བསྡུ་འཕྲུལ་འཁོར། འབྲུ་འདོན་འཕྲུལ་འཁོར་སོགས་ཐོན་སྐྱེད་ཡོ་བྱད་སྤྲད་པར་བརྟེན། དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད།
         ཆབ་མདོའི་ས་ངན་ཕུད། མི་སྡོད་ཁོར་ཡུག་ཞན་པའི་གནས་ཚུལ་དེ་བོད་ཀྱི་དབུལ་པོའི་མང་ཚོགས་ལ་འཕྲད་པའི་དོན་དངོས་ཤིག་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་དབུལ་པོའི་མང་ཚོགས་ཁག་གཅིག་སྔར་བཞིན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་ཁུལ་དུ་འཚོ་སྡོད་བྱེད་ཅིང་། ས་རྒྱ་ཆེ་ལ་མི་ཉུང་བ་དང་། ས་གཤིས་རྙོག་འཛིང་ཆེ་བ། གནམ་གཤིས་ཞན་པ། སྣོད་བཅུད་ཉམས་ཞན་བཅས་ཡིན་པའི་དབང་གིས་གནམ་ཆུ་བསྒུགས་ནས་ས་ཞིང་འདེབས་པ་དང་ཕྱུགས་འཚོ་བའི་རྗེས་ལུས་ཀྱི་རྣམ་པར་རྩ་བ་ནས་འགྱུར་ལྡོག་བྱུང་མེད་པ་མ་ཟད། གངས་སྐྱོན་དང་། འདམ་རྡོའི་ཆུ་རུད། ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད།
         དམིགས་བསལ་ཁུལ་གྱི་དབུལ་པོའི་གནས་ཚུལ་ལ་དམིགས་ནས་བརྟག་དཔྱད་ཞིབ་ཕྲ་བྱས་པའི་རྨང་གཞིའི་ཐོག་བོད་ཀྱིས་དབུལ་སྐྱོར་གནས་སྤོའི་དངུལ་བུན་དང་མ་དངུལ་བསྡུ་སྒྲིལ་གྱི་སྟེགས་བུ་བཙུགས་ནས། དུད་ཚང་ཁག་ཏུ་གནད་སྨིན་ཐུབ་པ་བྱས་ཁར། གནས་སྤོའི་ས་ཞིང་དང་རྩྭ་ར་དོན་འཁྱོལ་བྱས་ཤིང་། མང་ཚོགས་ཀྱི་འདོད་པར་བསྟུན་པ་དང་རྫོང་(ས་ཁུལ)མི་བརྒལ་བའི་སྔོན་འགྲོའི་འོག་ཐོན་ལས་རྣམ་གྲངས་དབུལ་སྐྱོར་དང་ཟུང་འབྲེལ་བྱས་ཏེ། དབུལ་པོའི་མང་ཚོགས་སྤོ་ཐུབ་པ་དང་། འཚོ་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ཡོད།
         “ཐོན་སྐྱེད་ཀྱི་རྒྱུ་ཆ་དང་མགོ་ཕྱུགས་ཐད་ང་ཚོས་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པའི་དབུལ་པོའི་མང་ཚོགས་གནས་དེ་རང་དང་ཉེ་འགྲམ་དུ་གནས་སྤོ་བྱས་ཏེ། དབུལ་པོའི་མང་ཚོགས་མ་སྤོས་གོང་དང་སྤོས་རྗེས་ཀྱི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་མི་འགྲོ་བ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཕུར་བུ་ཚེ་རིང་གིས་དེ་ལྟར་བརྗོད་བྱུང་།
         “ཁོར་ཡུག་ཆ་རྐྱེན་ཞན་པའི་ས་ཁུལ་གྱི་མང་ཚོགས་ལ་དབུལ་སྐྱོར་བྱེད་སྐབས་ང་ཚོས་གྲོང་ཚོ་ཧྲིལ་པོ་གནས་སྤོ་དང་ཁ་ཐོར་གཅིག་སྡུད་སོགས་ཀྱི་བྱེད་ཐབས་ཐོག་ནས་བཀོད་སྒྲིག་བྱས་ཡོད། ལོ་གསུམ་ནང་ང་ཚོས་དུད་ཚང་ཁྲི་6.34དང་དབུལ་པོའི་མི་འབོར་ཁྲི་26.3གནས་སྤོ་བྱེད་པའི་ལས་འགན་ལེགས་གྲུབ་བྱས་ཏེ་ས་ཁུལ་དེ་དག་གི་མང་ཚོགས་སྤྱིར་ན་དབུལ་པོའི་གནས་ནས་སྤོ་ཐུབ་པ་དང་དབུལ་པོའི་རྩ་བ་བཀོག་ཐུབ་པ་བྱ་རྒྱུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཧྲུའུ་ཅི་ཀའོ་ལིན་གྱིས་དེ་ལྟར་བརྗོད་བྱུང་།
         མིག་སྔར་བོད་ཀྱི་རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་དབུལ་སྐྱོར་འགག་སྒྲོལ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་དེ་སྔ་སྲིད་འཛིན་གྱི་འགོ་ཁྲིད་གཙོ་བོས་དབུལ་སྐྱོར་ལས་འགན་དམ་འཛིན་བྱེད་པ་དེ། ད་ཆ་ཏང་སྲིད་འགོ་ཁྲིད་གཙོ་བོས་དམ་འཛིན་བྱེད་པར་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱ་ཆེད། བོད་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་སྲིད་གཞུང་གིས་རིམ་གྱིས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་ལམ་བུའི་ཐོག་དབུལ་པོའི་མང་ཚོགས་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།