འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི་156ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དེ་ལམ་ལུགས་ཐོག་ཡོངས་ཁྱབ་ཐུབ་པའི་རྨང་གཞིའི་ཐོག་མི་སྣ་ཁྱབ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་མིག་སྔའི་བར་གཞི་རྩའི་རྒན་གསོ་འགན་བཅོལ་ཁྲོད་ཞུགས་མཁན་མི་ཁྲི་156ཟིན་ཡོད་པ་རེད།
         2014ལོར་བོད་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལག་བསྟར་བྱ་ཐབས་(ཚོད་ལྟའི་ལག་བསྟར)》བཏོན་ཏེ་2014ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་དེ་གཉིས་པོ་གཅིག་སྡུད་ཐོག་ལག་ལེན་བསྟར་ནས་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་པ་དང་གཅིག་གྱུར་བྱས་པ་དང་སྦྲགས་བོད་དུ་ལས་བཟོའི་རྒན་གསོ་རྒན་བཅོལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོ་འགན་བཅོལ་གྱི་གཞི་རྩའི་ལམ་ལུགས་སྟེགས་བུ་ཆེན་པོ་གཉིས་ཆགས་ཤིང་། ལམ་ལུགས་གཉིས་པོའི་འགན་བཅོལ་ནང་ཞུགས་མཁན་མི་བསྡོམས་ཁྲི་156ཟིན་པ་དེ་ན་རན་མི་འབོར་80%ཡན་ལ་ཁྱབ་ནས་དམངས་ཡོངས་ལ་ཁྱབ་པའི་ལམ་ལུགས་ཀྱི་མ་ལག་སྒྲིག་གཞི་ཆགས་ཡོད་པ་རེད།
         གཞན་ཡང་བོད་ཀྱིས་ལོ་4བསྟུད་མར་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་མཐོ་རུ་བཏང་བར་2010ལོའི་ཟླ་རེར་མི་རེར་ཆ་སྙོམས་སྒོར་55ཡི་ཚད་གཞི་ནས་མིག་སྔའི་ཟླ་རེར་མི་རེར་ཆ་སྙོམས་སྒོར་140ཡི་ཚད་གཞི་བར་མཐོ་རུ་བཏང་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར་27མཐོ་བ་ཡོད། 2014ལོ་ཁོ་ནར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྨང་གཞིའི་རྒན་གསོའི་མ་དངུལ་སྒོར་དུང་ཕྱུར་3.64བཀོད་སྒྲིག་བྱས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་ན་རྒས་པའི་ཡུལ་མི་ཁྲི་22.69དང་དེ་དག་གི་ཁྱིམ་ཚང་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།