འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་བྱམས་རྒྱལ་ལགས་ཀྱི་སྒྲུང་རིང་ཐོག་མ་《བོད་ཀྱི་གཅེས་ཕྲུག་》ཅེས་པའི་མཚམས་སྦྱོར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    2015ལོའི་ཟླ་དང་པོར་ཉི་ཧོང་གི་འགྱུར་གྱི་པར་གཞི་པར་སྐྲུན་བྱས་པ།
    2015ལོའི་ཟླ་དང་པོར་ཉི་ཧོང་གི་འགྱུར་གྱི་པར་གཞི་པར་སྐྲུན་བྱས་པ།
         མི་དམངས་དྲ་བའི་འཕྲིན། 《བོད་ཀྱི་གཅེས་ཕྲུག་》ཅེས་པའི་སྒྲུང་རིང་འདི་ནི་གྱེས་བྲལ་དང་ཕྱིར་ལྡོག་གི་གཏམ་རྒྱུད་ཅིག་སྟེ། སྒྲུང་གཏམ་དུ་མར་ནང་གྲོང་ནས་སྐྱེད་འཚར་བྱུང་བའི་ཕྲུ་གུ་དེ་ཚོ་རིམ་གྱིས་མར་ནང་གྲོང་དང་རིང་དུ་གྱེས་ནས་ཕྱི་རོལ་གྱི་འཇིག་རྟེན་དུ་འབོད་པའི་རྒྱུས་མེད་ཀྱི་ས་མཐའ་རེ་རེ་ནས་རང་རང་གི་མི་ཚེ་སྐྱེལ་བའི་གཏམ་རྒྱུད་ཅིག་བྲིས་ཡོད། དར་མར་མ་གྱུར་སྔོན་གྱི་ཕྲུ་གུ་དེ་ཚོའི་འཇིག་རྟེན་དང་དར་མར་གྱུར་རྗེས་ཀྱི་ཕྲུ་གུ་དེ་ཚོའི་འཇིག་རྟེན་ནི་གཏན་ནས་མི་མཚུངས་པའི་འཚོ་བའི་རི་མོ་གཉིས་ཏེ།  རི་མོ་དེ་གཉིས་སྟོད་ཆ་དང་སྨད་ཆའི་ཚུལ་དུ་རྩོམ་པ་པོས་སྒྱུ་རྩལ་གྱི་སྨྱུག་རྩེ་ལ་བརྟེན་ནས་ཀློག་པ་པོའི་སྤྱན་ལམ་དུ་ཕབ་ཡོང་དུས། འགོག་མེད་དུ་ཚོར་ཡོང་བ་ནི་དུས་རབས་ཀྱི་འཕོ་འགྱུར་ཆེན་པོའི་རྒྱབ་ལྗོངས་འོག་ཏུ་བོད་པའི་མི་རབས་ཤིག་ལ་གཡོལ་མེད་དུ་འབྱུང་བཞིན་པའི་འགྱུར་ལྡོག་ཡིན་པ་དང་།  འགྱུར་ལྡོག་འདིའི་དགེ་སྐྱོན་དང་ཐོབ་ཤོར་ནི་སྨྲ་བརྗོད་ལས་འདས་པ་ཞིག་ཡིན་ཞིང་།  མི་སྒེར་གྱི་མི་ཚེ་ལ་སྐྱོམ་འགུལ་ཅི་འདྲ་ཞིག་ཐེབས་ཡོད་ཨང་།  ལྷ་བྱམས་རྒྱལ་གྱིས་བསྐྲུན་པའི་སྒྱུ་རྩལ་གྱི་ཞིང་ཁམས་འདི་རུ་གསལ་སྒྲོན་དང་། ཐར་འཕེལ། ཉི་མ་དོན་གྲུབ། ང་སོགས་ང་ཚོ་དང་རྒྱུས་ཡོད་ཡོད་འདྲ་བའི་མི་སྣ་རེ་རེའི་སྣང་བརྙན་བཞེངས་ནས་གསོན་པོར་གྱུར་ཡོད་པ་ལྟར་དུ་གྱུར་ཡོད་ལ། དེ་ཚོ་ནི་དུས་རབས་ཉི་ཤུ་བའི་མཇུག་དང་ཉེར་གཅིག་པའི་སྟོད་ཀྱི་བོད་པའི་མི་རབས་ཤིག་གི་འཚོ་བའི་དངོས་བྲིས་ཡིན་ཞེས་བརྗོད་ཆོག་པ་འདྲ།  མདོར་ན་དུས་རབས་འདིའི་བརྗོད་སྙིང་ནི་གྱེས་བྲལ་དང་ཕྱིར་ལྡོག་གི་འགལ་འདུ་ལས་བསྐྱེད་པའི་ན་ཟུག་ཅིག་ཏུ་ངོས་བཟུང་ཡོད་ཅིང་། སྒྲུང་གཏམ་ཡོངས་སུ་དེ་ལྟ་བུའི་ན་ཟུག་དེ་ཚེར་མ་བཞིན་མངོན་མེད་དུ་སྐུང་ཡོད་ལ།  ཀློག་བཞིན་ཀློག་བཞིན་སེམས་ཀྱི་ག་ཤེད་ཅིག་ཏུ་གཙག་ཡོང་ངེས།
    2015ལོའི་ཟླ་10པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ།
    2015ལོའི་ཟླ་10པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ།
    2012ལོའི་ཟླ་6པར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲམ་སྤེལ་བྱས་པ།
    2012ལོའི་ཟླ་6པར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲམ་སྤེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།