འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བདུད་རྩི་སྐྱིད་ཀྱི་གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ལ་བྱ་དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པའི་གློག་བརྙན་གྱི་པར་ངོས།
    《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པའི་གློག་བརྙན་གྱི་པར་ངོས།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་12ཚེས་8ཉིན་འཚོགས་པའི་ཧྲིན་ཀྲིན་རྒྱལ་སྤྱིའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པའི་ཐོག བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པར་བྱིས་པའི་གློག་བརྙན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་རེད།
         བདུད་རྩི་སྐྱིད་ནི་མཚོ་སྔོན་མང་ར་ནས་ཡིན་ཞིང་། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་གློག་བརྙན་འཕྲིན་འཁྲབ་ཁྲིད་སྡེ་ཁག་ནས་སློབ་གཉེར་བྱས། ཁོ་མོར་སྙན་ངག་དང་རོལ་དབྱངས་ཟློས་གར། གཞས་ཚིག་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་ཅིང་། གློག་བརྙན་《གངས་འདབས་ཀྱི་ཤུག་སྡོང་ཁེར་སྐྱེས་》ཞེས་པར་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་བརྙན་ཐུང་དུས་ཆེན་སྐབས་གཉིས་པའི་གཏམ་རྒྱུད་ལེགས་ཤོས་ཀྱི་བྱ་དགའ་སོགས་ཀྱང་ཐོབ་མྱོང་། ༼ ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ལས་དྲངས། ༽
    བོད་ཀྱི་གཞོན་སྐྱེས་བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད།
    བོད་ཀྱི་གཞོན་སྐྱེས་བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད།
    གློག་བརྙན་ཕབ་སྐྲུན་ཁྲོད་ཀྱི་བདུད་རྩི་སྐྱིད།
    གློག་བརྙན་ཕབ་སྐྲུན་ཁྲོད་ཀྱི་བདུད་རྩི་སྐྱིད།
    བོད་ཀྱི་གཞོན་སྐྱེས་བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད།
    བོད་ཀྱི་གཞོན་སྐྱེས་བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད།
      

    ཕྱོགས་བསྡུས་གསར་འགྱུར།