འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་དམངས་ཚོགས་ཀྱིས་འདུ་འཛོམས་བྱས་ནས་ཨན་པེ་སྲིད་གཞུང་ལ་བཙན་འཛུལ་གྱི་
    ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པའི་རེ་བ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་རི་པིན་གྱི་དམངས་ཁྲོད་ཚོགས་པས་ཐོ་ཁེའོ་རུ་འདུ་འཛོམས་བྱས་ནས་ཨན་པེ་སྲིད་གཞུང་ལ་ནན་ཅིང་དམར་གསོད་ཆེ་མོ་བྱས་ནས་ལོ་78འཁོར་བའི་དུས་དེར་གནོད་འཚེ་བཏང་བའི་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་གཞུང་བཙུགས་བཤམས་སྟོན་ཁང་བཙུགས་ཏེ་རྗེས་རབས་ཚོར་རི་པིན་གྱི་མི་སེར་སྤེལ་བ་དང་བཙན་འཛུལ་གྱི་ལོ་རྒྱུས་གསལ་བཤད་བྱ་རྒྱུའི་རེ་བ་བཏོན་པ་རེད།
         འདུ་འཛོམས་བྱེད་སྐབས་ཆར་པ་སིམ་སིམ་བབས་པ་དང་འདུ་འཛོམས་ནང་ཞུགས་མཁན་ཚོས་ལག་ཏུ“ལོ་རྒྱུས་བཟོ་བཅོས་རིང་ལུགས་ལ་མུ་མཐུད་འགོག་རྒོལ་བྱེད”དང་། “དམག་འཁྲུག་བསླངས་ནས་ལོ་70འཁོར་བའི་དུས་དེར་བཙན་འཛུལ་བྱས་པ་དང་གནོད་འཚེ་བཏང་བའི་ལོ་རྒྱུས་བརྗེད་འདུག”“དེང་རབས་ལོ་རྒྱུས་སློབ་ཁྲིད་མ་བྱས་པའི་རྒྱུ་མཚན་གང་ཡིན་ནམ”སོགས་ཀྱི་སྦྱར་ཡིག་འཁྱེར་ནས་ཨན་པེ་སྲིད་དབང་གི་ལོ་རྒྱུས་བཟོ་བཅོས་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་དགོག་རྒོལ་བྱས་པ་རེད།
         བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱི་འཐུས་མི་ཀྲི་སུང་གིས་ལོ་78གོང་གི་ཉིན་དེར་རི་དམག་གིས་ནན་ཅིང་དུ་ཉེས་མེད་གྲོང་མི་དང་བཟུང་དམག་དམར་གསོད་བྱས་པ་དེ་འཛམ་གླིང་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་ཞིག་ཡིན་ཡང་རི་པིན་བ་མང་པོས་དེའི་སྐོར་རྩ་བ་ནས་རྟོགས་ཀྱི་མེད། རི་པིན་གྱི་དམངས་ཚོགས་ཀྱིས་རི་པིན་གྱིས་ནོར་འཁྲུལ་གྱི་དམག་འཁྲུག་བསླངས་པ་དང་ནོར་འཁྲུལ་གྱི་མི་སེར་སྤེལ་བའི་དབང་སྒྱུར་བྱས་པ་དེ་སེམས་ནང་ངེས་པ་མ་ཟད་ལོ་རྒྱུས་བརྗེད་རྩིས་བྱེད་པའི་ཕྱོགས་ལྷུང་ལ་དོགས་ཟོན་བྱེད་དགོས་ཞེས་བཤད་པ་རེད།
         འདུ་འཛོམས་མཇུག་འགྲིལ་རྗེས་འདུ་འཛོམས་ནང་ཞུགས་མཁན་དམངས་ཚོགས་ཀྱིས་ཐོ་ཁེའོ་ཡི་ཁྲོམ་གཞུང་ཐོག་ཁྲོམ་སྐོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།