འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོ་ནས་བཟུང་སློབ་ཆེན་ཚང་མར་བྱ་གཞག་གསར་གཏོད་ཀྱི་སློབ་གསོའི་སློབ་ཚན་
    བཀོད་སྒྲིག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུས་པར་འགྲེམས་བྱས་པའི་《2016ལོའི་རྒྱལ་ཡོངས་ཀྱི་སློབ་ཆེན་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་2016ལོ་ནས་བཟུང་སློབ་ཆེན་ཚང་མར་བྱ་གཞག་གསར་གཏོད་ཀྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱས་ཏེ་སློབ་མ་ཚང་མར་བྱ་གཞག་གསར་གཏོད་ཀྱི་སློབ་གསོའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་བདམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པ་མ་ཟད། སློབ་དུས་སྐར་འགོད་ཀྱི་དོ་དམ་ནང་འཇུག་དགོས་པ་དང་བྱ་གཞག་གསར་གཏོད་བྱེད་འདོད་ཡོད་པའི་སློབ་མར་བྱ་གཞག་གསར་གཏོད་ཀྱི་མཛུབ་ཁྲིད་དང་དངོས་སྦྱོང་རིགས་ཀྱི་སློབ་ཚན་བཀོད་སྒྲིག་བྱེད་པ་དང་བྱ་གཞག་གསར་གཏོད་ལ་་ཞུགས་ཟིན་པའི་སློབ་མར་ཁེ་ལས་གཉེར་སྐྱོང་དོ་དམ་རིགས་ཀྱི་གསོ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         《བརྡ་ཐོའི་》ནང་སློབ་ཆེན་གྱི་སློབ་ཐོན་སློབ་མའི་གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་ཧུར་ཐག་བཏང་ནས་སློབ་ཆེན་གྱི་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་མ་གཏོང་བ་དང་སློབ་ཆེན་གྱི་སློབ་ཐོན་སློབ་མ་དབུས་ནུབ་ས་ཁུལ་དང་། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག བཟོ་ལས་རྟེན་གཞིའི་ཁུལ་རྙིང་པའི་རྫོང་མན་ཆད་ཀྱི་གཞི་རིམ་དུ་ལས་ཀར་ཞུགས་མཁན་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྐྱིན་ཚབ་སྤྲོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་པ་དང་། “རྒྱུད་གཅིག་ལམ་གཅིག”དང་། “འབྲི་ཆུའི་དཔལ་འབྱོར་ཁུལ” “པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས”“ཀྲུང་གོའི་བཟོ་སྐྲུན་2025” “དྲ་སྦྲེལ་རྒྱས་པ”བཅས་ཀྱི་བྱ་སྤྱོད་འཆར་གཞི་དང་ཟུང་འབྲེལ་གྱིས་ལས་ཞུགས་ལས་གནས་རྒྱ་ཆེར་གཏོད་པ། སློབ་ཐོན་སློབ་མ་ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་དེང་རབས་ཞིང་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱབ་ཁོངས་སུ་ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་ཁྲིད་སྟོན་བྱེད་པ། སློབ་ཆེན་སློབ་མའི་དམག་བསྡུའི་ལས་དོན་མུ་མཐུད་ཡག་པོ་སྤེལ་བ། སློབ་ཐོན་སློབ་མ་ཁེ་ལས་འབྲིང་ཆུང་དུ་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་འབྲིང་ཆུང་གིས་སློབ་ཐོན་སློབ་མའི་སྤྱི་ཚོགས་འགན་ལེན་ཁ་གསབ་དང་། གསོ་སྦྱོང་ཁ་གསབ། ཁྲལ་གྲོན་རྩ་ཆག་སོགས་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།