འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བྷང་ག་ལས་ཕ་ཏ་མ་ཟམ་ཆེན་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བྷང་ག་ལས་ཕ་ཏ་མ་ཟམ་ཆེན་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོའི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། བྷང་ག་ལའི་ཙུང་ལི་དང་། རྒྱལ་ཚོགས་ཀྱི་གྲོས་མི། སྲིད་གཞུང་སྡེ་ཚན་གྱི་དཔོན་རིགས། ཀྲུང་གོས་མ་རྩ་བཏང་བའི་ཁེ་ལས་ཀྱི་འཐུས་མི་སོགས་མི་གྲངས་ཆིག་སྟོང་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
         བྷང་ག་ལའི་ཕ་ཏ་མ་ཟམ་ཆེན་རྣམ་གྲངས་ལ་ཁྱོན་ཨ་སྒོར་དུང་ཕྱུར་30བཏང་བ་དང་། མ་དངུལ་ཚང་མ་བྷང་ག་ལ་རང་གིས་བཏང་བའི་མ་དངུལ་ཡིན་པ། རྣམ་གྲངས་ཀྱི་ལས་ཡུན་ལོ་4ཡིན་པ། ལས་གྲྭ་གཙོ་བོའི་གྲས་སུ་ཁྱོན་རིང་ཚད་སྤྱི་ལེ་9.8ཡོད་པའི་ཕ་ཏ་མ་ཟམ་ཆེན་གྱི་ཟམ་པ་གཙོ་བོའི་འཛུགས་སྐྲུན་ལས་གྲྭ་དང་ཁྱོན་རིང་ཚད་སྤྱི་ལེ་13ཡོད་པའི་ཆུ་ལམ་བཅོས་སྒྲིག་ལས་གྲྭ་གཉིས་ཚུད་པ། ལས་གྲྭ་དེ་གཉིས་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སོ་སོར་འོས་ཐོན་བྱུང་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ། འོས་ཐོན་དངུལ་འབོར་སོ་སོར་ཨ་སྒོར་དུང་ཕྱུར་15.5དང་ཨ་སྒོར་དུང་ཕྱུར་11.13ཡིན་པ། ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཕྱི་རྒྱལ་གྱི་ཟམ་པའི་ལས་གྲྭ་ཆེ་ཤོས་དང་འཛམ་གླིང་ཐོག་གི་ཆུ་ལམ་བཅོས་སྒྲིག་རྣམ་གྲངས་ཆེ་ཤོས་ཀྱི་ཟིན་ཐོ་གཉིས་སོ་སོར་བཏོད་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཕ་ཏ་མ་ཟམ་ཆེན་སྐྲུན་མཇུག་འགྲིལ་རྗེས་བྷང་ག་ལའི་ལྷོ་ཕྱོགས་ས་ཁུལ་21ནས་རྒྱལ་ས་ཏ་ཁ་བར་དུ་སྐྱོད་སྐབས་གྲོང་མི་ཚོས་གྲུར་བརྟེན་ནས་ཆུ་སྒྲོལ་བའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། ཕ་ཏ་མ་ཟམ་ཆེན་ནི་ཀྲུང་གོ་དང“ཨེ་ཤེ་ཡ་ཡོངས་ཀྱི་ལྕགས་ལམ”དང་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་རེད་ལ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་འགྲིམ་འགྲུལ་གྱི་འདེགས་གནས་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།