འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“གོ་ལ་ཧྲིལ་པོའི་གསར་གཏོད་གྲོང་ཁྱེར་དྲ་རྒྱའི”ནང་ཁོངས་མི་གསར་པ་47བསྣན་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གཞིར་བཟུང་། རྒྱལ་ཁབ་33གྱི་གྲོང་ཁྱེར་47ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བཙུགས་པའི“གོ་ལ་ཧྲིལ་པོའི་གསར་གཏོད་གྲོང་ཁྱེར་དྲ་རྒྱའི”ཁོངས་མི་གསར་པར་གྱུར་པ་དེས་འཛམ་གླིང་ཡོངས་ཀྱི་ཁྱོན་གྲོང་ཁྱེར་116“གོ་ལ་ཧྲིལ་པོའི་གསར་གཏོད་གྲོང་ཁྱེར་དྲ་རྒྱའི”ཁོངས་མིར་གྱུར་ཡོད།
         འདི་ལོ་གསར་དུ་ཞུགས་པའི་གྲོང་ཁྱེར་47ནང་དབྱི་རག་གི་པ་ཀ་ཏ ་(རྩོམ་རིག་གི་ཕ་ཡུལ)དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་པ་སྨི་དབྱང་(ལག་ཤེས་བཟོ་རྩལ་དང་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ) ཧིན་རྡུ་ཉི་ཞི་ཡའི་དབན་ལུང་(ཇུས་འགོད་ཀྱི་ཕ་ཡུལ) ཐེ་ལན་གྱི་ཕུའུ་ཅི་(ཟས་མཆོག་གི་ཕ་ཡུལ) ཨ་རིའི་ཏི་ཐེ་ལུའེ(་ཇུས་འགོད་ཀྱི་ཕ་ཡུལ)སོགས་ཚུད་ཡོད་པ་རེད།
         ཀྲུང་གོའི་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཧང་ཀྲོའུ་སོགས་གྲོང་ཁྱེར་9སྔ་རྗེས་སུ་དྲ་རྒྱ་དེའི་ཁོངས་མིར་གྱུར་བ་དང་། འདི་ལོ་གསར་དུ་ཞུགས་པའི་ནང་ཀྲུང་གོའི་གྲོང་ཁྱེར་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།