འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་ཕྱོགས་ཐོག་མ་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་16ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པའེ་ཏུའུ་ཡིས་གྲངས་གཞི་ཆེ་མོར་བརྟེན་ནས་འཚོལ་ཞིབ་མྱོང་རོལ་ལེགས་སུ་བཏང་བ་དང་། ཏི་ཏི་ཡིས་གྲངས་གཞི་ཆེ་མོར་བརྟེན་ནས་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་བ། ཉིན་རེའི་གསར་འགྱུར་གལ་ཆེན་གྱིས་གྲངས་གཞི་ཆེ་མོར་བརྟེན་ནས་གསར་འགྱུར་གྱི་དཔྱད་ཡིག་ཆ་འཕྲིན་འོས་སྦྱོར་བྱེད་པ་སོགས་ལས། གྲངས་གཞི་ཆེ་མོའི་ལག་རྩལ་གྱིས་དྲ་སྦྲེལ་དང་འབྲེལ་ཡོད་ཐོན་ལས་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད། ཟླ་12ཚེས་12ཉིན“2015ལོའི་ཀྲུང་ཀོན་གྲོང་ཚོའི་གྲངས་གཞི་ཆེ་མོའི་ཉིན་མོའི”བྱེད་སྒོ་སྤེལ་རིང་པེ་ཅིང་ཀྲུང་ཀོན་གྲོང་ཚོའི་རྒྱལ་ཁབ་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་གྱིས་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་ཕྱོགས་དང་ཁེ་ལས་ཁྱབ་ཚུལ་རེའུ་མིག་ཐོག་མ་་ཁྱབ་བསྒྲགས་བྱས་པ་རེད།
         ཀྲུང་ཀོན་གྲོང་ཚོས་2020ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གྲངས་གཞི་ཆེ་མོའི་གསར་གཏོད་ལྟེ་གནས་བསྐྲུན་ནས་གོ་ལ་ཧྲིལ་པོའི་གྲངས་གཞི་ཆེ་མོའི་བྱ་གཞག་གསར་གཏོད་དང་། ཤེས་ལྡན་མི་སྣ། ལག་རྩལ། མ་གནས། གྲངས་གཞིའི་ཐོན་ཁུངས་སོགས་གསར་གཏོད་ཀྱི་གཞི་རྒྱུ་གཅིག་ཏུ་བསྡུས་པའི་གནས་ཤིག་གྲུབ་པ་བྱ་རྒྱུ་མ་ཟད། གོ་ལ་ཧྲིལ་པོར་ཕྱོགས་པའི་གྲངས་གཞི་ཆེ་མོའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། གྲངས་གཞི་བཀོལ་སྤྱོད། གྲངས་གཞི་ཉོ་ཚོང་ལྟེ་གནས་བཅས་གྲུབ་པ་བྱ་རྒྱུ་རེད། རེའུ་མིག་དེ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། གསར་གཏོད་ཐོན་ཁུངས་གཅིག་སྡུད། གསར་གཏོད་སྟེགས་བུ་བསྐྲུན་པ། བར་མཐོངས་ཁྱབ་ཚུལ་བཟང་སྒྲིག སྤྱི་པའི་ཞབས་ཞུ་འཐུས་ཚང་། སྲིད་ཇུས་མ་ལག་གསར་གཏོད་སོགས་ཕྱོགས་དྲུག་གི་ཐད་ནས་ཞིབ་ཕྲའི་བྱ་ཐབས་བཏོན་ཡོད། བྱེད་ཐབས་དེ་གཞིར་བཟུང་2020ལོར་སླེབས་སྐབས་ཀྲུང་ཀོན་གྲོང་ཚོས་གྲངས་གཞི་ཆེ་མོའི་གསར་གཏོད་ཁེ་ལས་600གཅིག་འདུས་དང་། གྲངས་གཞི་ཆེ་མོའི་བཀོལ་སྤྱོད་ནུས་པ་ལྡན་པའི་ཁེ་ལས་6000སྐྱེད་སྲིང། དུང་ཕྱུར་ཁྲི་3ལྡན་པའི་ཐོན་ལས་གཞི་ཁྱོན་དང་ཐོན་ལས་སྦྲེལ་ཐག་ཆ་ཚང་བའི་གྲངས་གཞི་ཆེ་མོའི་ཐོན་ལས་ཀྱི་ཚོགས་པ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།
         དུས་མཚུངས་ཁྱབ་བསྒྲགས་བྱས་པའི་པེ་ཅིང་གྲངས་གཞི་ཆེ་མོའི་ཁེ་ལས་ཁྱབ་ཚུལ་རེའུ་མིག་ནང་པའེ་ཏུའུ་དང་། ཅིང་ཏུང་། ཞའོ་སྨི། ཏི་ཏི། ཅིན་ཧྲན། ཡ་ཤིན། ཡུང་ཡིའུ། ཧྲུའུ་ཀོང་སོགས་ཀྲུང་ཀོན་གྲོང་ཚོའི་གྲངས་གཞི་ཆེ་མོའི་གཙོ་གནད་ཁེ་ལས་157སྡུད་ཡོད་པ་དང་གྲངས་གཞི་ཆེ་མོ་འཚོལ་བསྡུ་དང་། ཉར་ཚགས། ཐག་གཅོད། དབྱེ་ཞིབ། མཐོང་སྣང་ཅན་གྱི་ལྷུ་ཚིགས་ཁག་བཅས་ལ་བརྟེན་ནས་ཁེ་ལས་ལ་དབྱེ་ཞིབ་དང་གྲངས་གཞི་ཆེ་མོས་ཞིང་ལས་དང་། བཟོ་ལས། ཚོང་ལས། དངུལ་རྩ། བདེ་ཐང། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་ཐག་གཅོད་ཀྱི་ཇུས་གཞི་ལྡན་པའི་ཁེ་ལས་ལ་ཕྱོགས་ཡོངས་ནས་གསེད་དཀྲོལ་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།