འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།པོ་ཚི་ཝ་ན་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་ ཡུལ་སྐོར་བར་ཕྱོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པོ་ཚི་ཝ་ནའི་ཡུལ་སྐོར་རྩ་འཛུགས་ཀྱིས་ཉེ་ཆར་རྒྱལ་ས་ཀ་པོ་རོ་ནེར་རྩ་འཛུགས་དེས་འབོ་གསེར་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་པོ་ཚི་ཝ་ནར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུགས་ཤུགས་ཆེ་རུ་བཏང་ནས་པོ་ཚི་ཝ་ནའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་རེད།
         པོ་ཚི་ཝ་ནའི་ཡུལ་སྐོར་རྩ་འཛུགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཐ་པོ·ཏི་སའེ་པེས་དེ་ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྩ་འཛུགས་དེས་ཀྲུང་གོ་ཚུད་པའི་འབོ་གསེར་རྒྱལ་ཁབ་ཏུ་པོ་ཚི་ཝ་ནའི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་གཏོང་རྩིས་ཡོད་ཅེས་བཤད་པ་རེད། ཞིབ་འཇུག་ལས་མངོན་དོན། འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་འདས་ཟིན་པའི་ལོ་ཁ་ཤས་ནང་ཤུགས་ཆེར་འཕར་བཞིན་ཡོད་པས་ཡོ་རོབ་དང་ཨ་རིའི་ཡུལ་སྐོར་བས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་ཁྲོད་གནས་བབ་གལ་ཆེན་བཟུང་བའི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།
         “པོ་ཚི་ཝ་ནས་ཀྲུང་གོའི་ཡུལ་སྐོར་བའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་པར་ཙིར་དང་། ལྷོ་ཨ་ཧྥེ་རི་ཁ། ཨུ་རུ་སུ་བཅས་ཀྱི་ཡུལ་སྐོར་བ་ཡང་ང་ཚོའི་དམིགས་ཚད་དུ་བརྩི་རྒྱུ་ཡིན”ཞེས་ཏི་སའེ་པེས་བཤད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། 2013ལོར་ཡུལ་སྐོར་ལས་རིགས་ཀྱིས་པོ་ཚི་ཝ་ནའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་8.4%བཟུང་ཡོད། པོ་ཚི་ཝ་ནར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གྲངས་གཞི་ལས་མངོན་དོན། པོ་ཚི་ཝ་ནའི་གླང་ཆེན་གྱི་གྲངས་འབོར་ཁྲི་20ཙམ་ཟིན་པ་དེས་ཨ་ཧྥེ་རི་ཁའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་གི་ཡོད་པ་རེད།
         འདི་ལོའི་ལོ་སྟོད་དུ་ཡུལ་སྐོར་ཕྱོགས་སྟོན་དཔེ་ཚོགས་《ཁེར་ཆགས་སྐར་མའི་གོ་ལ་》དཔེ་སྐྲུན་ཀུང་སིས་2016ལོའི་ཡུལ་སྐོར་བྱེད་ས་ཡག་ཤོས་བདམས་པའི་ནང་པོ་ཚི་ཝ་ན“འགྲོ་རིན་ཡོད་པའི་ཡུལ་སྐོར་རྒྱལ་ཁབ”ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།