འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ནང་བསྟན་གྱི་བྲག་ཕུག་ཆེ་ཤོས་ཀྱི་སྟོངས་ལ་ཉེ་བའི་ལྡེབས་རིས་འདྲ་བཤུ་བསྐྱར་
    གསོའི་ལས་གྲྭ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་བོད་ཀྱི་མངའ་རིས་ས་ཁུལ་རིག་གནས་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ནི། བོད་ཀྱི་ནང་བསྟན་གྱི་བྲག་ཕུག་ཆེ་ཤོས་ཀྱི་རྗེས་ཤུལ་ཏེ། མངའ་རིས་རྩྭ་མདའི་དུང་དཀར་དང་འཕྱི་དབང་བྲག་ཕུག་གི་སྟོངས་ལ་ཉེ་བའི་ལྡེབས་རིས་ལ་བསྡུར་ཚད་གཅིག་མཚུངས་ཀྱི་འདྲ་བཤུ་བསྐྱར་གསོའི་ལས་གྲྭ་མཇུག་འགྲིལ་ལ་ཉེ་བའི་དུས་སུ་སླེབས་ཡོད།
         དུང་དཀར་དང་འཕྱི་དབང་རྗེས་ཤུལ་ནི་བོད་ཀྱི་གུ་གེའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་རྗེས་ཤུལ་ཞིག་ཡིན་པ་དེ་བོད་ཀྱི་མངའ་རིས་ཀྱི་རྩྭ་མདའ་རྫོང་གི་ས་ཚལ་ཁྲོད་གནས་པ་དང་། དུང་དཀར་རྗེས་ཤུལ་དང་འཕྱི་དབང་བྲག་ཕུག་ཚོགས་ལས་གྲུབ་པ་1997ལོར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁག་གསུམ་པའི་གྲས་སུ་བཅུག་ཅིང་། ད་རེས་ལྡེབས་རིས་འདྲ་བཤུ་བསྐྱར་གསོའི་ལས་གྲྭ་དེ་ནང་བསྟན་བྲག་ཕུག་གི་སྟོངས་ལ་ཉེ་བའི་ལྡེབས་རིས་ཕོན་ཆེ་བའི་དུང་དཀར་རྗེས་ཤུལ་ལ་གཙོ་བོར་དམིགས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།