འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་གྲང་བྱེ་རླུང་འགོག་པའི་ཤུགས་འགྲེམས་མེ་འཁོར་CRH2Gརྟགས་ཅན་རྒྱལ་ནང་
    གི་ལྕགས་ལམ་ཐོག་ཐོག་མར་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཐོག ཀྲུང་གོ་ལྕགས་ལམ་འགྲིམ་འགྲུལ་འཁོར་རིགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་གསར་དུ་ཞིབ་བཟོ་བྱས་པའི་མཐོ་གྲང་བྱེ་འགོག་ཤུགས་འགྲེམས་མེ་འཁོར་CRH2Gརྟགས་ཅན་ཤིན་ཅང་དུ་འབྱོར་ནས་རྒྱལ་ནང་གི་ལྕགས་ལམ་ཐོག་ཐོག་མར་ཤར་གཏོང་ཐུབ་པ་དང་། འདི་ལོའི་ལོ་མཇུག་གོང་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་དངོས་སུ་གཏོང་རྒྱུ་ཡིན་པ་རེད།
         ཤུགས་འགྲེམས་མེ་འཁོར་དེ་ཀྲུང་གོ་ལྕགས་ལམ་འགྲིམ་འགྲུལ་འཁོར་རིགས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ཆིང་ཏའོ་ཕྱོགས་བཞི་མེ་འཁོར་འཁོར་རིགས་མ་རྐང་ཚད་ཡོད་ཀུང་སིས་ལོ་གསུམ་རིང་བརྟག་ཞིབ་ཚོད་ལྟ་དང་ལམ་ཐིག་ལ་དཔྱད་ཞིབ་བྱས་ནས་རང་རྟོགས་ཞིབ་བཟོ་བྱས་པ་ཞིག་ཡིན་པ་དང་། ཟླ་11ཚེས་10ཉིན་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི“བཟོ་དབྱིབས་ཚད་ལོན་ལག་ཁྱེར”དང“བཟོ་སྐྲུན་ཆོག་འཐུས་ལག་ཁྱེར”དང་ཁྲོམ་རའི“ཐོངས་འཛིན”དངོས་སུ་རག་ནས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་ལ་སླར་ཡང་འཁོར་དབྱིབས་གསར་པ་ཞིག་བསྣན་ཡོད།
         རང་རྒྱལ་གྱི་མྱུར་བགྲོད་མེ་འཁོར་གྱི་འཁོར་དབྱིབས་གསར་རྐྱང་ཡིན་པའི་ཤུགས་འགྲེམས་མེ་འཁོར་CRH2Gརྟགས་ཅན་གྱིས་མཐོ་གྲང་གནམ་གཤིས་ཁྱོག་པ་དང་། བྱེ་རླུང་འགོག་པ། དྲོད་ཚད་མཐོ་པོ་ཁྱོག་པ། ས་བབ་མཐོ་པོར་འཕྲོད་པ། སྨུག་ཕྱིའི་འོད་ཟེར་འགོག་པ་བཅས་ལག་རྩལ་གྱི་དཀའ་གནད་ཆེན་པོ་ལྔ་ཁྱད་བསད་ཐུབ་པ་མ་ཟད། ±40℃ཡི་ཚ་གྲང་གཉིས་ཀ་ཁྱོག་ཐུབ་ལ་རླུང་ཆེན་ཤུགས་ཚད་རིམ་པ་11འོག་བདེ་འཇགས་ངང་སྐྱོད་ཐུབ་པ་དང་རིམ་པ་གསུམ་ལྡན་གྱི་བྱེ་རླུང་འགོག་པའི་ནུས་པའང་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།