འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅༎ཆོད་ཡིག་གསར་པར་གྲོས་འཆམ་བྱུང་རྗེས་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅༎ཆོད་ཡིག་གསར་པར་གྲོས་འཆམ་བྱུང་རྗེས་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྲོལ་བ།
         མི་དམངས་དྲ་བའི་འཕྲིན། ཕ་རི་སིའི་དུས་ཚོད་སྤྱི་ཟླ་12ཚེས་12ཉིན་གྱི་དགོང་མོའི་ཆུ་ཚོད་19དང་སྐར་མ་26ཐོག ཚོགས་ཡུན་ཆུ་ཚོད་24ནར་འགྱངས་བཏང་བའི་ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་མཐའ་མའི་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ཧྥ་པི་ཡིའུ་སིས་ཚོགས་ཆེན་གྱི་མཚོན་རྟགས་ལྡན་པའི་ལྗང་མདོག་ཐོ་བ་ཆུང་ཆུང་དེ་ཡར་བཀྱག་ནས་ལམ་ཚད་རྡོ་རིང་ལྟ་བུའི་ཕ་རི་སིའི་ཆོད་ཡིག་ལ་གྲོས་འཆམ་བྱུང་བ་དང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཕེལ་རིམ་གྱིས་གོམ་པ་གལ་ཆེན་གང་སྤོས་པ་ཁྱབ་བསྒྲགས་གནང་།
         རྒྱལ་ཁབ་ཁག་གི་འཐུས་མིས་ད་དུང་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱས་པ་དང་ཕ་རི་སིའི་ཆོད་ཡིག་དོན་འཁྱོལ་བྱེད་པ་དང་ཞིབ་ཕྲའི་ལྷུ་ཚིགས་ཁག་ཅིག་གི་ཐད་བཀོད་སྒྲིག་བྱས་པ། ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་བདེ་བླག་ངང་གྲོལ་བ་ཁྱབ་བསྒྲགས་བྱས་འདུག 
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་ཕན་ཅི་ཝུན་དང་ཧྥ་རན་སིའི་ཙུང་ཐུང་ཨའོ་ལའང་ཏེ། ཧྥ་པི་ཡིའུ་སི་བཅས་ཀྱིས་ཕྱག་འཇུ་གནང་ནས་ཡར་བཞེངས་པ་དང་ཚོགས་ཞུགས་འཐུས་མི་ཚོར་གུས་འདུད་ཞུས་ཡོད་པ་རེད།
         ཕན་ཅི་ཝུན་གྱིས། མིའི་རིགས་ཀྱི་མདུན་དུ་འཕྲད་པའི་རྙོག་འཛིང་ཆེ་ཤོས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་གནད་དོན་མདུན་དུ་ང་ཚོ་འཛམ་གླིང་ཡོངས་མཉམ་ལས་བྱེད་པའི་དུས་རབས་གསར་པར་སླེབས་ཡོད། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཚང་མས་ཐུན་མོང་གི་དམིགས་འབེན་ཆེད་དུ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་བྱ་ཐབས་བཟུང་ཡོད་པ་དང་དེ་ནི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་གནས་ཚུལ་དེ་དེའི་གོང་ལ་བསམ་ཐབས་བྲལ་བ་དང་ད་ལྟ་ལྡོག་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག
         ཨའོ་ལའང་ཏེས་རྒྱལ་ཁབ་ཁག་གི་འཐུས་མི་ཚོར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་ཁོང་གིས་ཆོད་ཡིག་དེར་གྲོས་འཆམ་བྱེད་པར་ལོ་ངོ་40སྒུག་ཡོད། ད་ལྟ་ཁྱེད་རྣམ་པའི་དམིགས་ཡུལ་ལེགས་གྲུབ་བྱུང་བ་དང་སྤོབས་པ་ཆེར་བསྐྱེད་དང་ཚོད་འཛིན་ལྡན་པ། འཛམ་གླིང་ཡོངས་བཅས་ཀྱི་ཆོད་ཡིག་ཅིག་ཡོད་པས་ཁྱེད་རྣམ་པའི་ཕ་ཚ་བུ་རྒྱུད་ཀྱིས་ཁྱེད་རྣམ་པའི་ཆེད་དུ་སྤོབས་པ་བྱེད་སྲིད་ཅེས་གསུངས་འདུག ༼ རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། ༽
    ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་ཚོགས་རྟགས།
    ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གྱི་ཚོགས་རྟགས།
      

    ཕྱོགས་བསྡུས་གསར་འགྱུར།