འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་རྡོ་སོལ་གཏེར་འདོན་གྱི་ལས་འཛོལ་འབྱུང་རྐྱེན་གསལ་འབྱེད་བྱེད་པའི་
    ཚད་གཞི་གཅིག་གྱུར་བཟོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་བདེ་འཇགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་སུ་《རྡོ་སོལ་གཏེར་ཁ་ཐོན་སྐྱེད་ཀྱི་བདེ་འཇགས་ལས་འཛོལ་འབྱུང་རྐྱེན་གསལ་འབྱེད་ཚད་གཞི་》ཁྱབ་བསྒྲགས་བྱས་ཤིང་། ཚད་གཞི་དེའི་ནང་རྡོ་སོལ་གཏེར་འདོན་གྱི་ལས་འཛོལ་འབྱུང་རྐྱེན་ཆེ་གྲས་15་གཏན་ལ་ཕབ་ཡོད། ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ཚད་གཞི་ལག་ལེན་བསྟར་རྒྱུ་རེད། ཚད་གཞི་དེ་ནི་རྒྱལ་ཡོངས་རྡོ་སོལ་གཏེར་འདོན་གྱི་གཅིག་གྱུར་ལག་བསྟར་ཚད་གཞི་ཡིན་པས། ཞིང་ཆེན་རིམ་པ་ཁག་གི་རྡོ་སོལ་གཏེར་འདོན་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལྟ་ཞིབ་སྡེ་ཚན་གྱིས་རྡོ་སོལ་གཏེར་འདོན་གྱི་འབྱུང་རྐྱེན་ཆེ་གྲས་ཁས་ལེན་དོན་གནད་ཡང་བསྐྱར་བཟོ་མི་དགོས་ལ། ཚད་གཞི་དེ་ད་ལྟ་སྤྱོད་མུས་ཀྱི་རྡོ་སོལ་གཏེར་འདོན་བདེ་འཇགས་ཀྱི་གཏན་འབེབས་དང་ལས་ཀའི་དོན་དངོས་དང་སྦྲེལ་ཐུབ་ནས་ཚད་གཞིར་བརྟེན་ནས་འབྱུང་རྐྱེན་ཆེ་གྲས་ཐོན་སྐབས་གསལ་འབྱེད་ཀྱི་རང་མོས་གཅོད་འདེམས་དབང་ཆ་ཆེར་ཆུང་དུ་བཏང་ནས་བཀོལ་སྤྱོད་ཀྱི་ནུས་པ་གོང་མཐོང་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།