འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་འཇུག་བྱས་པ་ལས་བོད་རིགས་ནི“རི་འཛེག་ལ་མཁས་པའི”ཤར་པའི་མེས་པོ་ཡིན་
    པ་ར་འཕྲོད་ཡོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སོའོ་ནས་ཤེས་རྟོགས་བྱུང་བར། ཧི་མ་ལ་ཡ་ས་ཁུལ་གྱི་ཤར་པའི་མི་ཚོགས་ཀྱི་འབྱུང་ཁུངས་དང་གནས་སྤོའི་ཞིབ་འཇུག་ལ་གྲུབ་འབྲས་གསར་པ་ཐོབ་ནས་བོད་རིགས་ནི་ཤར་པའི་མེས་པོའི་ཚོགས་སྤྱི་ཡིན་པ་ར་ཕྲོད་ཅིང་། མིག་སྔར་ཞིབ་འཇུག་ཀྱི་འབྲས་བུ་དེ་《ཚན་རིག་སྙན་ཞུའི་》ཐོག་སྤེལ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཚན་རིག་ཞིབ་འཇུག་མི་སྣས་ནེ་པ་ལའི་ཁུན་པུ་ས་ཁུལ་དང་བོད་ཀྱི་འགྲམ་གྲོང་རྡལ་དུ་ཤར་པའི་མི་ཚོགས་ཀྱི་DNAམ་དཔེ་500ལྷག་ཙམ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཚོལ་བསྡུ་བྱས་པ་མ་ཟད། དེ་དག་གི་ཕ་རྒྱུད་དང་མ་རྒྱུད་སྣ་མང་ཅན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་རེད། ཤར་པ་དང་རང་རྒྱལ་གྱི་བོད་རིགས་ཀྱིས་ཕ་རྒྱུད་དང་མ་རྒྱུད་ཀྱི་རྒྱུད་རབས་མང་ཆེ་བ་མཉམ་སྤྱོད་བྱེད་པ་དང་བོད་རིགས་ཀྱི་(ལོ་1500གོང)ཡན་ལག་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད། ཞིབ་འཇུག་འབྲས་བུ་དེའི་ནས་ད་དུང་ཤར་པའི་མི་ཚོགས་ནེ་པ་ལར་གནས་སྤོ་མ་བྱས་གོང་བོད་རིགས་ཀྱི་མེས་པོ་ལས་ནས་ས་མཐོའི་གནམ་གཤིས་ལ་གོམས་པའི་འགྱིན་རྒྱུད་འཛིན་བྱས་ཡོད་པ་ཡང་གསལ་པོ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།