འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བཟོ་སྐྲུན་ཐོན་རྫས་སྤུས་རྟགས་ས་མཐོ་ནས་ཐོན་པས་ཚོང་ལས་གོ་སྐབས་ཐོབ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཐོན་ཁུངས་དང་ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པའི་ཁར་སྤུས་རྟགས་ལ་བརྟེན་ནས་ཁྲོམ་ར་བཟུང་ཞིང་། བདུད་རྩི་རྟགས་ཅན་གྱི་བོད་སྨན་དང་། འབྲིའི་འོ་མའི་ལས་རིགས། ནས་ཀྱི་སྦི་རག་སོགས“བོད་ལྗོངས་ཀྱི་བཟོ་སྐྲུན”ཐོན་རྫས་ས་མཐོ་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་བསྐྱོད་པར་ཚོང་ལས་ཀྱི་གོ་སྐབས་མང་པོ་ཐོབ་ཡོད་པ་རེད།
         ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་བོད་ལུགས་གསོ་རིག་དང་བོད་སྨན་དང་། ལྗང་མདོག་བཟའ་བཅའ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་སོགས་ཀྱང་ཡོད་པའི་བོད་ལ་ཚོང་ལས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཏེ་དུས་ཡུན་ཧ་ཅང་རིང་པོའི་ནང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པ་དང་ལྷག་པར་དུ་འགྲིམ་འགྲུལ་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་ཀྱི་སྤུས་རྟགས་དེ་ད་བར“ཚོང་ཟོག་ཡོད་ཀྱང་མིང་མེད་པའི”གནས་སུ་གྱར་བས་ལྗོངས་ནང་ཁུལ་གྱི་འཁོར་རྒྱ་ཆུང་ཆུང་ཞིག་ནང་འཁོར་རྒྱུག་བྱ་དགོས་པར་གྱུར་ཡོད།
         དེས་ན་བོད་ཀྱིས་2005ལོར་སྤུས་རྟགས་འཐབ་ཇུས་ལས་དོན་སྤེལ་འགོ་བཙུགས་ཏེ་མ་དངུལ་དང་། དཔྱ་ཁྲལ། ལག་རྩལ་སོགས་ཐད་ནས་ས་གནས་དེ་གའི་ཁེ་ལས་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་མགྱོགས་མྱུར་ཆེ་རུ་སོང་ལ་ཁྲོམ་ར་བཟུང་ཚད་ཀྱང་མཐོ་རུ་སོང་ཡོད། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གཙོ་བོ་ཁག་གཅིག་སྔ་རྗེས་སུ་འཛུགས་སྐྲུན་བྱས་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས“བོད་ཀྱི་སྤུས་རྟགས”ལ་ནམ་འཕང་གཅོད་པའི“གཤོག་ཟུང་བསྒར་བ”ལྟ་བུ་བྱུང་ཡོད་པ་རེད།
         ཧའོ་ཧྲེང་250ཡོད་པའི་འབྲི་ཞོ་ལྕགས་ཀྲིང་གང་ལ་སྒོར་30བྱས་ནས་ཚོང་སྐབས་མཁོ་མང་སྤྲོད་ཉུང་གི་རྣམ་པ་ཞིག་ཐོན་པ་ནི་བསམ་ཚོད་མིན་པའི་དོན་དངོས་རེད། རྒྱལ་ཡོངས་ཀྱི་འབྲོག་ར་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་བོད་ནི“ས་མཐོའི་མཆོག་ནོར”འབྲི་གཡག་གནས་ཡུལ་གཙོ་བོ་ཞིག་རེད། བོད་ཀྱི་ས་མཐོའི་མཆོག་ནོར་འབྲིའི་འོ་མའི་ལས་རིགས་ཚད་ཡོད་ཀུང་སིས་བོད་ཀྱི་སྤུས་རྟགས་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཁྲོམ་ར་ཆེ་གྲས་ལ་དམིགས་པའི་ཁར་དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་སྤྱད་དེ་ལྷད་མེད་དྭངས་གཙང་གི་འོ་མ་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་བྱས་ཤིང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་ཆེ་གྲས་སུ་རང་གི་ཁྲོམ་ར་ཡོད་ལ“རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་གྱི་འོ་རྩམ་ཁེ་ལས་དྲུག”ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་ཡོད་པ་རེད།
         ཁྲོམ་རའི་ཐོག་དགའ་བསུ་ཐོབ་པའི་ཐོན་རྫས་ཀྱི་གྲས་སུ་ད་དུང་ནས་ཀྱི་སྦི་རག་ཀྱང་ཡོད་ཅིང་། 2012ལོར་ཕྱི་ཤུབས་བརྗེས་ནས་ལྕགས་ཀྲིང་དམར་པོའི་ནང་བླུགས་པའི་ནས་ཀྱི་སྦི་རག་ཐོན་སྐྱེད་ཀུང་སིས་ཧྲང་ཧའེ་ཡི་བརྒྱུད་འཚོང་པ་ནན་ཕུའུ་བཟའ་བཅའ་ཚོགས་པ་དང་གན་རྒྱ་བཞག་ནས་ཧྭ་ཤར་གྱི་ཁྲོམ་རར་འདོན་འགོ་བཙུགས་ཡོད། 
    ནས་ཀྱི་སྦི་རག་དེ་ནན་ཕུའུ་ལ་བརྟེན་ནས་ཧྭ་ཤར་གྱི་ཁྲོམ་རར་བཏོན་རྗེས་རྒྱལ་ཡོངས་ཀྱི་ཁྲོམ་རར་འདོན་རྒྱུའི་བཀོད་སྒྲིག་བྱ་རྒྱུ་རེད། བོད་ཀྱི་གནམ་ས་ལྗང་མདོག་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ནོར་བུ་ཚེ་རིང་གིས་ནས་ཀྱི་སྦི་རག་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་སོགས་རྒྱལ་ཁབ་ཏུ་བྲིན་ཚོང་བྱེད་འགོ་ཚུགས་པར་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁས་ལེན་ཐོབ་ཡོད་ཅེས་བཤད་པ་རེད།
         ས་མཐོའི་མཆོག་ནོར་དང་ནས་ཀྱི་སྦི་རག་ནི་བོད་ཀྱི་སྤུས་རྟགས“ཕྱིར་སྐྱོད”འཐབ་ཇུས་ཀྱི་མཚོན་བྱེད་ཙམ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་ཕན་པ་ཡོད་པའི་སྲིད་ཇུས་དང་ལམ་སྲོལ་རབ་དང་རིམ་པ་བཟོས་པ་མ་ཟད་ད་དུང་བོད་སྨན་དང་། ཡུལ་སྐོར། གཏེར་ལས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཆེན་པོ་དགུའི་ཚོགས་པ་བཙུགས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་དེ་ཉིད་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སླེབས་པ་བྱས་པས་བོད་ཀྱི་སྤུས་རྟགས་སྔར་བས་མང་པོ་ཞིག་ལ་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་འཛད་སྤྱོད་པས་རྒྱུས་མངའ་ལོན་ལ་ཁས་ལེན་ཡང་ཐོབ་ཡོད་པ་རེད།
         རིགས་གཅིག་མཁས་ཅན་གྱིས་བོད་ལ་ཐུན་མོང་མ་ཡིན་པའི་ལེགས་ཆའི་ཐོན་ཁུངས་དང་། སྲིད་ཇུས་ཐད་ཀྱི་གཟིགས་སྐྱོང་ཆེན་པོ། ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ། ཁྲོམ་རའི་མདུན་ལམ་ཡག་པོ་བཅས་ཡོད་པས་འགྲིམ་འགྲུལ་དང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་ཆབས་ཅིག་འབྱུང་འགྱུར“བོད་ཀྱི་བཟོ་སྐྲུན”ལ་མི་མངོན་པའི་གཏིང་ཤུགས་ཆེན་པོ་ལྡན་རྒྱུའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།