འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་རེས་སྐོར་དང་པོའི་དག་ཐེར་
    བྱེད་ཚུལ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་13ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཟླ་9ཚེས་10ཉིན་ཆེད་སྒྲིག་ལེ་ཚན་བཙུགས་ནས་2015ལོའི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་རེས་སྐོར་དང་པོའི་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་བྱེད་ཚུལ་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པ་དང་། ཉིན་དང་པོར་རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སིའི་དག་ཐེར་བྱེད་ཚུལ་ཁྱབ་བསྒྲགས་བྱས་ཡོད།
         རྒྱལ་ཁབ་མ་འཇོག་གསར་སྤེལ་ཀུང་སིའི་ཏང་ཙུའུ་ཡིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཐད་དོན་འཁྱོལ་བྱ་ཚུལ་ཞིབ་འཇུག་དང་མགྱོགས་མྱུར་བཀོད་སྒྲིག་བྱས་ཡོད། ཀུང་སིའི་སྐོར་གཟིགས་དག་ཐེར་ཇུས་གཞི་དེ་སྐོར་གཟིགས་དག་ཐེར་ལས་དོན་ཁག་5དང་རྣམ་གྲངས་ལས་འགན་ཁག་21ལ་དབྱེ་རྒྱུ་ཡིན་པ་དང་རྣམ་གྲངས་རེ་རེ་བཞིན་ལ་འགོ་ཁྲིད་ཀྱི་འགན་འཁྲི་དང་ལས་དོན་ཚན་ཁག་གི་འགན་འཁྲི་གསལ་པོ་བཟོས་པ་དང་། ལས་ཀའི་དམིགས་ཡུལ་དང་ལས་ཀའི་དུས་བཅད་ཀྱི་བླང་བྱ་བཏོན་པ། ལས་དོན་ཁག་ལ་ཆེད་དོན་ཚོགས་ཆུང་གིས་སྒྲིག་འཛུགས་བཅས་བྱས་ནས་གནད་དོན་དག་ཐེར་ལ་གཞི་ཚུགས་པ་དང་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་རྒྱུར་དམིགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།