འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“རྟེན་འབྲེལ་ཆེ་མོར”བསུ་བ་ཞུ་བའི་བོད་ཀྱི་དུས་རབས་ཁག་གི་རྣམ་པ་མཚོན་པའི་
    གླུ་གཞས་ལེགས་གྲས་བཅུ་དཔྱད་འདེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི《ཇོ་རིའི་སྙན་དབྱངས། ཀྲུང་གོའི་བོད་ལྗོངས་ཀྱི་གླུ་གཞས་ལེགས་གྲས་དཔྱད་འདེམས་དང་སྐབས་དང་པོའི་བོད་རིགས་ཀྱི་རོལ་དབྱངས་ལ་བྱ་དགའ་སྤྲོད་པའི་མཛད་སྒོ》པེ་ཅིང་ཀྲུང་གོ་ཟློས་གར་ཁང་དུ་གཉེར་བ་དང་། ད་ཐེངས་ཀྱི་མཛད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ཚད་གཞི་མཐོ་ཤོས་དང་། རྣམ་པ་ཟབ་ཤོས། རིམ་པ་མཐོ་ཤོས་བཅས་ཀྱི་རོལ་དབྱངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་ཡིན། བྱེད་སྒོའི་ཐོག་བོད་དུ་ཞི་བས་བཅིངས་འགྲོལ་དང་རང་སྐྱོང་ལྗོངས་དབུ་བརྙེས་རྗེས་ཀྱི་དུས་རབས་ཁག་གི་རྣམ་པ་མཚོན་པའི་གླུ་གཞས་ལེགས་གྲས་བཅུ་དཔྱད་འདེམས་བྱས་པ་དང་། བོད་ཀྱི་རོལ་དབྱངས་འཕེལ་རྒྱས་དང་རྒྱུན་འཛིན་ཐད་ལེགས་སྐྱེས་མངོན་གསལ་འབུལལ་མཁན་རོལ་དབྱངས་གསར་རྩོམ་མཁན་ལ་གཟེངས་བསྟོད་ཀྱང་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་དྲིལ་བསྒྲགས་ཀྱི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ད་ཐེངས་ཀྱི་བྱེད་སྒོ་དེ་ནི། བོད་ཀྱི་ཕུལ་བྱུང་མི་རིགས་རོལ་དབྱངས་མངོན་རྒྱུར་གཞི་ཚུགས་པ་ཞིག་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་དང་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་དུས་རབས་ཀྱི་རྣམ་པ་མཚོན་པའི་གླུ་གཞས་རྩེ་གྲ་དཔྱད་འདེམས་བྱས་ཡོད།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་འོག་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་དར་རྒྱས་དང་འཕེལ་རྒྱས་ཕྱིན་པ་མ་ཟད། རིག་རྩལ་གྱི་ཤེས་ལྡན་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་དང་འཚར་ལོངས་བྱུང་བ་དང་། བོད་ཀྱི་རོལ་དབྱངས་འཕེལ་རྒྱས་དང་རྒྱུན་འཛིན་ཐད་ལེགས་སྐྱེས་མངོན་གསལ་འབུལ་མཁན་གླུ་གཞས་མཁས་ཅན་དང་རོལ་དབྱངས་གསར་རྩོམ་མཁན་ལ་སྐུལ་ལྕག་དང་གཟེངས་བསྟོད་བྱ་ཆེད། ད་ཐེངས་བྱེད་སྒོའི་ནང་ཁོང་ཚོར་བྱ་དགའ་སྤྲད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཛད་སྒོའི་ནང་བྱ་དགའ་ཆེན་པོ་དགུ་ཡོད་པ་དེ་དག་ནི་གཞས་ཚིག་ལེགས་ཤོས་ཀྱི་བྱ་དགའ་དང་། གདངས་ལེགས་ཤོས་ཀྱི་བྱ་དགའ། བོད་ཀྱི་རོལ་དབྱངས་རྒྱུན་འཛིན་གྱི་དམིགས་བསལ་བྱ་དགའ། གཞས་པ་ལེགས་ཤོས་ཀྱི་བྱ་དགའ། གཞས་མ་ལེགས་ཤོས་ཀྱི་བྱ་དགའ། གཞས་པ་གསར་པའི་བྱ་དགའ། གཞས་མ་གསར་པའི་བྱ་དགའ། ཚན་སྡེབ་ཡག་ཤོས་ཀྱི་བྱ་དགའ་བཅས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།