འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ལས་བྱེད་པར་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྟོན་ཁ་ཤར་མ་ཐག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། དྭངས་ཤིང་གཙང་བའི་མཚོ་བོད་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད། མཛེས་སྡུག་ལྡན་པའི་ས་མཐོའི་ཐོག་ཚོགས་སྤྱི་འདི་འདྲ་ཞིག་ཡོད། ཁོང་ཚོས་ས་མཐོར་རྩ་བ་ཚུགས་པ་དང་། སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ། རང་ཉིད་ཀྱི་ལང་ཚོ་དེ་གཡུ་འབྲུག་འཁྱུག་པ་ལྟར་གྱི་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ལེགས་སྐྱེས་ཕུལ་བ་དང་ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོའི་ཐོག་བཞག་ཡོད། ང་ཚོས་ཚོགས་སྤྱི་དེར་བོད་སྐྱོར་ལས་བྱེད་པ་ཞེས་བརྗོད་ཀྱི་ཡོད། དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་དེར་ང་ཚོས་ཕུལ་བྱུང་གི་ཚོགས་སྤྱི་དེ་ལྟ་བུར་བསྔགས་བརྗོད་བྱེད་དགོས།
         རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས། ཏང་ཀྲུང་དབྱང་གི་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་དམིགས་ཚད་དང་ལེན་ཧུར་ཐག་བྱས་ཏེ། བོད་ལྗོངས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། བོད་སྐྱོར་ལས་བྱེད་པ་ཁག་རེ་རེས་གཅིག་མཇུག་གཉིས་མཐུད་ངང་རང་ཉིད་ཀྱི་ལང་ཚོ་དང་། ཁྲག་དྲོན་ཙམ་མ་ཟད། ཐ་ན་ཚེ་སྲོག་ཀྱང་ས་མཐོར་སྐྱེས་སུ་ཕུལ་ཡོད། བོད་སྐྱོར་ལས་བྱེད་པ་རྒན་གྲས་དང་མི་དམངས་ཀྱི་བུ་ཕྲུག་བཟང་པོ་ཁུང་ཧྥན་སེན་གྱིས། ས་མཐོར་གཞི་ཚུགས་པ་དང་རང་ཉིད་བློས་བཏང་སྟེ། “ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བའི”སྒེར་སེམས་མེད་པའི་བརྩེ་སེམས་ཐོག་ནས“རི་ཀླུང་ཐམས་ཅད་དཔའ་བོའི་དུར་ས་ཡིན། སེམས་ཤུགས་ཆེན་པོ་ས་མཐོར་སྐྱེས་སུ་འབུལ”ཞེས་པའི་དམ་བཅའ་ལག་ལེན་བསྟར་བ་ལོ་རྒྱུད་ཀྱིས་ནམ་ཡང་བརྗེད་མི་སྲིད། དུས་རབས་གསར་པར་དེང་རབས་བོད་སྐྱོར་ལས་བྱེད་པས་རང་ཉིད་ཀྱི་བྱ་སྤྱོད་ངོ་ ཐོག་ནས་རྒན་རབས་ཚོའི་སྒེར་སེམས་མེད་པའི“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། “བདག་པོ་བྱེད་པ་ལས་མགྲོན་པོ་མི་བྱེད་པའི”བོད་སྐྱོར་ལས་བྱེད་པ་ཀོའུ་ཐན་ལིང་གིས་ལོ་10བསྟུད་མར་བོད་སྐྱོར་ལས་བྱེད་པ་དང་། ཁོང་གིས་ས་བབ་མཐོ་བ་ལས་བྱུང་བའི་ཡུན་རིང་གསོ་རླུང་མི་འདང་བ་དང་། གཟུགས་པོ་མི་བདེ་བ་ཁྱད་བསད་བྱས་ནས་བོད་ཀྱི་ས་ཕྱོགས་ཚང་མ་སྐོར་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་འཕེལ་རྒྱས་ལ་སེམས་ཤུགས་ཡོད་རྒུ་བཏོན་ཡོད། བོད་སྐྱོར་འབུམ་རམས་པ་མ་ཤིན་མིང་དང་སུན་ལིང་ལིང་བཟའ་ཚོ་གཉིས་པོ་ལག་གདང་སྦྲེལ་ནས་བོད་དུ་ཡོང་། ས་གནས་དེ་གའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཞིང་། ཚད་ལས་བརྒལ་བའི་ལས་དོན་ཡང་ཡང་བསྒྲུབས་ཡོད། སྒར་ལ་བཅངས་པའི་བརྩེ་སེམས་ལས་རང་གི་ལྷག་བསམ་མཚོན་པའི་ཀྲང་ཡུས་ཀྱིས་སྒར་དེ་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་འབད་འཐབ་བྱ་ཡུལ་དུ་བརྩིས་ཤིང་། དཔའ་ངར་ཞུམ་པ་མེད་པའི་བློ་སྟོབས་ཐོག་ནས་སྒར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མཐར་ཚེ་སྲོག་ས་མཐོར་སྐྱེས་སུ་ཕུལ་ཡོད།
         “ཡོང་དུས་སྐྲ་ནག་ཅིང་བཟང་བ་དང་འགྲོ་དུས་སྐྲ་དཀར་གྱིསཁེངས་པ”བོད་འདི་རང་ཉིད་ཀྱི་ཕ་ཡུལ་ལ་བརྩི་བ་དང་། བོད་ཀྱི་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩི་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཁག་དཀྲི་འདོགས་ཐབས་མེད་པའི་འགན་འཁྲིར་བརྩི་བ་བཅས་བྱས་སྟབས། ང་ཚོའི་བོད་སྐྱོར་ལས་བྱེད་པ་ཚང་མ་བོད་ཀྱི་མང་ཚོགས་ཀྱི་སེམས་ནང་གི“གཅེས་པར་འོས་པའི་མིར”གྱུར་པ་དང་། མི་རིགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སེམས་སྦྲེལ་ཟམ་པར་གྱུར་པ། ཉ་ཆུ་ལྟ་བུའི་བརྩེ་སེམས་སྔར་བས་ཟབ་ཏུ་གཏོང་བའི་འགྱུར་མེད་སྟོབས་ལྡན་གྱི་སྒུལ་ཤུགས་སུ་གྱུར་ཡོད། ཚེ་སྲོག་ལ་རིང་ཐུང་ཡོད་ཀྱང་མི་ཚེའི་དོན་སྙིང་དེ་ཚེ་སྲོག་གི་རིང་ཐུང་ལས་འཇལ་ཐབས་མེད་པར་ཚེ་སྲོག་གི་དོན་དང་ལྡན་མིན་ཐུག་ཡོད། བོད་སྐྱོར་ལས་བྱེད་པས་རང་ཉིད་ཀྱི་ལང་ཚོ་སྤྱད་དེ་མི་ཚེའི་རིན་ཐང་གཏོད་པ་དང་། ཚེ་སྲོག་གི་རིན་ཐང་གཏོད་ཡོད་ལ། སྙིང་སྟོབས་ཀྱིས་ཁེངས་པའི་འབད་འཐབ་བསམ་བློའི་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དོན་སྙིང་འགྲེལ་བཤད་བརྒྱབ་པ་དང་། རང་ཉིད་ཀྱི་ལང་ཚོའི་དུས་སྐབས་ལ་མི་སེམས་འགུལ་བའི་ལོ་རྒྱུས་བཞག་ཡོད།
         བོད་སྐྱོར་ལས་བྱེད་ཚོར་མི་ཚོས་བསྟོད་བསྔགས་ལོས་གཏོང་དགོས། བོད་སྐྱོར་སྙིང་སྟོབས་དེའང་དེང་སྐབས་ལས་བྱེད་པས་སློབ་སྦྱོང་བྱེད་སའི་ནོར་བུའི་བང་མཛོད་དུ་གྱུར་བ་བྱེད་དགོས།
         དྭངས་ཤིང་གཙང་བའི་གངས་ལྗོངས་ས་མཐོའི་ཐོག་བོད་སྐྱོར་ལས་བྱེད་པའི་འབད་འཐབ་ལོ་རྒྱུས་ནམ་ཡང་བརྟན་པོར་འཁོད་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ་དང་སྔོན་དུ་བྱེད་ཕོད་པའི་བོད་སྐྱོར་སྙིང་སྟོབས་མི་རབས་ནས་མི་རབས་བར་དེ་བས་བརྒྱུད་བསྒྲགས་བྱེད་དགོས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་སྐབས་དེར་བོད་སྐྱོར་ལས་བྱེད་པ་དང་བོད་སྐྱོར་སྙིང་སྟོབས་ལ་སླར་ཡང་བསྟོད་བསྔགས་གཏོང་བ་དང་ཆབས་ཅིག ང་ཚོ་ཀྲུང་གོ་བ་ཚང་མས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་སྐྱོར་སྙིང་སྟོབས་ལག་ལེན་བསྟར་ནས་ཐུན་མོང་འབད་འཐབ་ཀྱི་ལང་ཚོ་སྤྱད་དེ་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།