འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སློབ་མ་ཚོས་དགེ་བའི་བཤེས་གཉེན་ལ་མཇལ་དར་སྒྲོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་གྱི་སློབ་མ་ཚོས་དགེ་བའི་བཤེས་གཉེན་ལ་མཇལ་དར་སྒྲོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་ནི་ཀྲུང་གོའི་དགེ་རྒན་དུས་ཆེན་ཐེངས་31པ་དེ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་གནས་པའི་མི་རིགས་སློབ་ཆུང་གསུམ་པས་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་བྱེད་སྒོ་ཞིག་འཚོགས་ནས། དཀའ་སྤྱད་འབད་བརྩོན་གྱིས་ཕྱག་ལས་གནང་མཁན་དགེ་རྒན་གྱི་འཐུས་མིར་གཟེངས་བསྟོད་བྱས་པ་དང་། བོད་རིགས་སློབ་མ་ཚོས་ཀྱང་སོ་སོའི་དགེ་རྒན་ཚོར་བརྩི་བཀུར་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པའི་མཇལ་དར་སྒྲོན་ཞིང་། འདི་ནི་རྨ་ཆེན་རྫོང་མི་རིགས་སློབ་ཆུང་གསུམ་པའི་གཟེངས་བསྟོད་ཐོབ་པའི་དགེ་རྒན་དང་སློབ་མ་ཚོ་མཉམ་དུ་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།